རང་ཤར་རང་གྲོལ།
སྤྱི་བསྒྲགས།
འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
- མཚན་ལྡན་བླ་མའི་བཀའ
- སྨྱོ་གཏམ་ནང་གི་དྲང
- རྫོགས་པ་ཆེན་པོའི་ག
- ཚད་མའི་རིག་སྒྲ།
- དུས་རབས་ཉེར་གཅིག་པ
- ༧ཡོངས་འཛིན་བླ་མའི་
- ནང་ཆོས་བོད་ལ་དར་བའ
- ཐེག་ཆེན་མཐོང་ལམ་སྐ
- སློབ་སྦྱོང་ལ་བར་ཆད
- སངས་རྒྱས་གཤེན་རབ་མ
- སྲོང་བཙན་གོང་དུ་བོ
- འཇིག་རྟེན་འདི་ནས་ཚ
- རྨེའུ་མཁས་པ་དཔལ་ཆེ
- ༧སྐྱབས་རྗེ་རྣམ་གཉི
- ལྷ་མི་གཞན་བརྟེན་གྱ
- ཁ་དོན་མི་མཚུངས་པས་
- ངའི་སེམས་ཀྱི་བརྩེ་
- རང་གི་ཕ་མྱེས་ཀྱི་ཆ
- ཁྱོད་ཀྱིས་འདོད་པ་ང
- སེམས་ཀྱི་སྙིང་གཏམ་
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
རྣམ་དཔྱོད་ངོམས། མདུན་བསྐྱོད་བྱེད། སེམས་ཤུགས་བསྐྱེད།
ཟིན་བྲིས་ཆ་འཕྲིན།
རྫོགས་པ་ཆེན་པོའི་གནས་ལུགས་ལ་ཡིད་ཆེས་སྐྱེ་དཀའ་བ། | 2018/11/20 15:11:00
རྫོགས་པ་ཆེན་པོའི་གནས་ལུགས་ལ་ཡིད་ཆེས་སྐྱེ་དཀའ་བ།
ང་རང་ལ་མཚོན་ན་ལོ་མང་པོ་ཞིག་གི་རིང་གནས་ལུགས་འདི་ལ་ཡིད་ཆེས་རྒྱུ་དཀའ་མོ་བྱུང་། རྫོགས་ཆེན་ཞེས་པ་འདི་སྐད་གྲགས་ཆེན་པོ་ཡིན་པས་སེམས་མ་བཅོས་རང་བབས་སུ་བཞག་དུས་འདི་འདྲ་ཞིག་ཡིན་རྒྱུ་མ་རེད་བསམ་སྟེ། འདི་ལས་གཞན་ཞིག་ཡོད་རྒྱུ་རེད་བསམ་པ་བྱུང་མྱོང་ཡོད། མ་ཟད་ཉམས་ལེན་བྱེད་འགོ་བཟུང་དུས་འདི་ལྟར་བསྡད་ན་དོན་སྙིང་ཆེན་པོ་མི་འདུག་བསམ་སྟེ། དེ་ལས་གཞན་པའི་དགེ་སྦྱོར་ཞིག་བྱས་ན་བཟང་ངམ་ཡང་ན་སྔགས་བགྲངས་ན་བཟང་ངམ་སྙམ་པའི་བློ་དོགས་མང་པོ་བྱུང་མྱོང་ཡོད། འོན་ཀྱང་དོན་དངོས་ཐོག་དེ་ལྟར་མ་ཡིན་པར་སེམས་མ་བཅོས་རང་བབས་སུ་བཞག་པ་དེ་ཀ་རང་ལ་གོམ་འདྲིས་བྱེད་རྒྱུ་དེ་ལས་གཞན་གང་ཡང་གསར་བ་ཡོང་རྒྱུ་མེད་གསུང་སོང་།
སྤྱི་ལོ། ༢༠༡༣་༤་ནང་ཞང་ཞུང་སྙད་རྒྱུད་ཞལ་ཁྲིད་སྐབས་སུ་གུས་པས་ཟིན་ཐོར་བཀོད་པ་ཡིན།
རྩོམ་པ་པོ།:tendhargye | བལྟ་ཀློག(898) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།ཚད་མའི་རིག་སྒྲ།
- ཟིན་ཐོ་འོག་མ།སྨྱོ་གཏམ་ནང་གི་དྲང་གཏམ་གྱི་མདའ་མོ།