འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད།
- མཚན་ལྡན་བླ་མའི་བཀའ
- སྨྱོ་གཏམ་ནང་གི་དྲང
- རྫོགས་པ་ཆེན་པོའི་ག
- ཚད་མའི་རིག་སྒྲ།
- དུས་རབས་ཉེར་གཅིག་པ
- ༧ཡོངས་འཛིན་བླ་མའི་
- ནང་ཆོས་བོད་ལ་དར་བའ
- ཐེག་ཆེན་མཐོང་ལམ་སྐ
- སློབ་སྦྱོང་ལ་བར་ཆད
- སངས་རྒྱས་གཤེན་རབ་མ
- སྲོང་བཙན་གོང་དུ་བོ
- འཇིག་རྟེན་འདི་ནས་ཚ
- རྨེའུ་མཁས་པ་དཔལ་ཆེ
- ༧སྐྱབས་རྗེ་རྣམ་གཉི
- ལྷ་མི་གཞན་བརྟེན་གྱ
- ཁ་དོན་མི་མཚུངས་པས་
- ངའི་སེམས་ཀྱི་བརྩེ་
- རང་གི་ཕ་མྱེས་ཀྱི་ཆ
- ཁྱོད་ཀྱིས་འདོད་པ་ང
- སེམས་ཀྱི་སྙིང་གཏམ་
རྣམ་དཔྱོད་ངོམས། མདུན་བསྐྱོད་བྱེད། སེམས་ཤུགས་བསྐྱེད།
སེམས་ཀྱི་སྙིང་གཏམ་དྲོན་མོ།
ཁ་ནས་འཇིག་རྟེན་སྒྱུ་མ་ཟེར་བཞིན་དུ།
སེམས་ཀྱི་ཡོད་ཚད་འཇིག་རྟེན་སྒྱུ་མར་ཤོར།
ཁ་ནས་བླ་མ་དཀོན་མཆོག་ཟེར་བཞིན་དུ།
སེམས་ཀྱི་གཏད་སོ་འཇིག་རྟེན་མི་ལ་ཤོར།
སེམས་པ་འཁོར་ས་མེ་ཏོག་ལྷ་མོ་ཡིན།
ཉིན་རེ་བཞིན་དུ་ཁྱོད་ཀྱི་བཞིན་རས་དེ།
སེམས་པའི་ནང་ནས་ཡལ་བར་དོར་མྱོང་མེད
ཨེ་མ་ངོ་མཚར་ལྡན་པའི་སེམས་པ་འདི།
ལས་དབང་ཞིག་གམ་ཡང་ན་རང་བཞིན་གྱིས།
ཁྱོན་ཡང་གོ་ལ་ཟླུམ་པོ་འདི་ཡི་ཐོག།
ཁྱོད་ལས་གཞན་ཞིག་སུ་ཡང་མཐོང་མྱོང་མེད།
སེམས་ཆུང་དམར་པོའི་ཁ་ཕྱོགས་ཁྱོད་ལ་འཁོར།
ཅི་ཡིན་ཆ་མི་འཚལ་བའི་སེམས་པ་འདིས།
ཉིན་མཚན་མེད་པར་ཁྱོད་ཀྱི་ཕྱོགས་སུ་ཁྲིད།
གོ་ལ་ཟླུམ་པོའི་ཐོག་ཏུ་ཁྱོད་གནས་ན།
དེ་ཀ་ཙམ་གྱིས་ང་ཡི་ལུས་སེམས་བདེ།
ཁྱོད་ཉིད་གོ་ལ་འདི་རུ་བྲལ་ཉིན་ནས།
ང་ཡང་འདི་རུ་འཚོ་བར་དོན་སྙིང་དབེན།
སྙན་ངག་མཁན་པོའི་ཚིག་གིས་གབ་པ་མེད།
ཁ་བདེ་ཅན་གྱི་ཁ་བདེ་བཤད་པ་མིན།
རང་གི་སེམས་ལ་ཇི་བཞིན་དྲན་པ་དེ།
ཤོག་བུ་དཀར་པོའི་ཐོག་ཏུ་བྲིས་པ་ཡིན།
དམར་ཆུང་སེམས་ལས་བྱུང་བའི་ཡི་གེ་འདི།
ཁྱོད་ལ་མཇལ་བའི་ཉིན་དེར་འབུལ་འདོད་ཀྱང་།
སྒེག་ཉམས་ལྡན་པའི་ཁྱོད་ཀྱི་གཟུགས་མཐོང་དུས།
རང་དབང་མེད་པར་སེམས་ཀྱི་ནུས་པ་ཉམས།
ལུས་ལ་ནད་མེད་སེམས་ལ་བདེ་སྐྱིད་ཤར།
མི་བདེ་སྡུག་བསྔལ་ཀུན་ལས་བྲལ་བྱས་ཏེ།
བཀྲ་ཤིས་ཕུན་སུམ་ཚོགས་པའི་སྨོན་ལམ་དང་།
ཚེ་རིང་ལོ་བརྒྱ་ཐུབ་པའི་རྟེན་འབྲེལ་ཞུ།།
མགྲིན་སྙན་ངག་གི་ཁུ་བྱུག་ནས།
- ཟིན་ཐོ་གོང་མ།༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དགུང་གྲངས་དགུ་བཅུ་ཟིན་ལ་ཉེ་བ།
- ཟིན་ཐོ་འོག་མ།ཁྱོད་ཀྱིས་འདོད་པ་ངོ་མ་དེ་ག་རེ་རེད