ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧ཡོངས་འཛིན་བླ་མའི་བཀའ་དྲིན།། | 2016/1/14 0:23:00
 

 
བསྟན་པ་སྤྱི་དང་གྱེར་བསྟན་ཡོད་དོ་ཅོག
ཤི་ལ་ཁད་པའི་མར་མེ་བཞིན་གྱུར་སྐབས།།
གཅེས་པའི་སྲོག་ལས་བསྟན་པ་འདི་དགོངས་ནས།།
སྐུ་ཚེ་ཧྲིལ་བོ་བསྟན་པ་ཁྱེད་ཀྱིས་བསྐྱངས།།
 
ཕྱི་རྐྱེན་ནང་དུག་རྟ་རྒོད་བཞིན་གྱུར་བས།།
བསྟན་དང་བསྟན་འཛིན་སྤྱི་ལ་ཆག་འཇིག་ཕྱིན།།
མཛད་པ་ཕྱོགས་བཞིར་བསྐྱངས་ཏེ་བསྟན་པ་བསྐྱབས།།
མགོན་མཛད་སྨྲ་སེང་ཁྱེད་ལ་གསོལ་བ་འདེབས།།
 
སྔོན་དུས་གཤེན་གྱིས་བསྟན་པའི་སྲོལ་ཆེན་བཙུག
བར་དུ་བླ་ཆེན་དྲན་པའི་བསྟན་པ་སྤེལ།།
ཐ་མ་ཡོངས་འཛིན་བླ་མའི་བསྟན་པ་བསྐྱངས།།
བསྟན་པའི་བདག་པོ་རྣམས་གསུམ་དུས་ཀུན་རྒྱལ།།
 
ཚིག་གི་ལོ་མ་སྟོང་ཕྲག་སྤྲོས་པའི་མཐར།།
མཐར་ཐུག་སྔགས་རྫོགས་གཉིས་ཀྱི་ཀློང་ལ་ཐུག
དུས་འདིར་སྔགས་རྫོགས་ཇི་བཞིན་འཆད་མཛད་པའི།།
ཡོངས་འཛིན་སྟོན་པ་དེ་ལ་ཐམས་ཅད་དད།།
 
སྐྱེས་བཞེས་མཛད་པ་གྲོང་གསེབ་ཞིག་ན་བཞད།།
བསྟན་སྤེལ་མཛད་པ་ཤར་ནུབ་གང་སར་མཛད།།
འགྲོ་འདུལ་མཛད་ཕྱིར་འཛམ་བུ་གླིང་ན་ཕེབས།།
རྣམ་འདྲེན་སྨྲ་སེང་ཁྱེད་ལ་བདག་ཅག་དད།།
 
མཁས་པའི་བླ་དྭགས་འཛིན་པ་འགའ་ཞིག་གིས།།
རང་ལུགས་གཞན་ལུགས་བསྲེས་བའི་ལུགས་སྲོལ་བྱུང་།།
ངན་པ་རྒྱུན་འབྱམས་འགའ་རེས་བདེན་པ་བརྟས།། 
དཀར་ནག་འབྱེད་མཛད་སྨྲ་སེང་ཁྱེད་མིན་སུ།།
 
ཡུལ་སྐད་གོམས་གཤིས་ཆོས་ལུགས་མི་གཅིག་པས།།
རྒྱ་གར་ཚ་བའི་ལུང་པར་འབྱོར་བའི་སྐབས།།
བསྟན་པ་འདི་དང་སྟོན་པ་འདི་དགོངས་ནས།།
དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད།།
གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་བསྟན་པ་དར་རྒྱས་ཀྱིས། སྤྱི་ལོ།།༢༠༡༦།༡།༦། ཉིན་རང་ཤག་ཏུ་བྲིས།
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.