ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁ་དོན་མི་མཚུངས་པས་བོད་པའི་གླེན་རྟགས། | 2012/7/5 17:54:00

ཁ་དོན་མི་མཚུངས་པས་བོད་པའི་གླེན་རྟགས།

སྤྱིའི་ཆ་ནས་འཛམ་གླིང་ཐོག་བོད་མི་རིགས་འདི་སེམས་རྒྱུད་བཟང་པོ་ཡོད་མཁན་ཞིག་ཡིན་པ་ཆབ་སྲིད་པ་དང་མཁས་པ་དཔལ་འབྱོར་ཅན་མི་དཀྱུས་མ་སོགས་ཀུན་གྱིས་མགྲིན་གཅིག་ཏུ་བརྗོད་བཞིན་ཡོད་ནའང་། ཕྱོགས་གཅིག་ནས་ཁ་ནས་བཤད་པ་དེ་དང་དོན་དངོས་ལག་ལེན་དང་མི་མཚུངས་བའི་ལས་སྣ་ཚོགས་ཤིག་བྱེད་ཡོད། དེས་ན་བཟང་ཆ་ཡོད་པ་རྣམས་བརྗོད་མི་དགོས་པར་རང་སོར་བཞག་ནས་སྐྱོན་གྱི་ཆ་རྣམས་ལ་བསམ་གཞིག་བྱས་ཏེ་ཅུང་ཙམ་བཤད་ན། ཁ་ནས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅེས་བརྗོད་བཞིན་ཤ་ཟ་ཁྲག་འཐུང་གི་ལས་ལ་ངོམ་མེད་རོལ་བ་འདི་ཁ་དོན་མི་མཐུན་པས་བོད་པའི་གླེན་རྟགས་ཆེན་པོ་ཞིག་ཅེས་ཕྱིར་མིན། ཁ་ནས་ཕ་མར་མ་གྱུར་གཅིག་ཀྱང་མེད་ཅེས་བརྗོད་བཞིན་ནང་ཁུལ་ནང་དམེ་རྒྱུན་ཆད་མེད་པར་བྱེད་རེས་བྱས་དང་བྱེད་བཞིན་ཡོད་པ་འདི་ཚོ་ཁ་དོན་མི་མཐུན་པའི་བོད་པའི་གླེན་རྟགས་ཆེན་པོ་ཞིག་ཅིས་ཕྱིར་མིན། ཁ་ནས་བོད་ཀྱི་རིག་གཞུང་རྩ་ཆེན་ཡིན་པ་དང་བོད་ཀྱི་སྐད་ཡིག་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པ་བཤད་བཞིན་དུ་བོད་ཕྱི་ནང་གང་སར་གནས་པའི་བོད་མི་རྣམས་ཀྱི་གཞན་གྱི་སྐད་ཡིག་ལ་ཨ་གསར་དང་དགའ་མོས་བྱེད་པ་དང་རང་གི་སྐད་ཡིག་ཟུར་སྦྱོང་བྱས་ཏེ་གཞན་གྱིས་སྐད་ཡིག་རྣམས་གཙིགས་སུ་བཟུང་པ་རྣམས་ཁ་དོན་མི་མཐུན་པའི་བོད་པའི་གླེན་རྟགས་ཆེན་པོ་ཞིག་ཅིས་ཕྱིར་མིན།  བོད་ཀྱི་རིག་གཞུང་དེ་ཚོའི་ནང་དད་པ་དང་སྐྱབས་འགྲོ་སེམས་བསྐྱེད་སོགས་མདོར་ན་བླ་མ་བརྟེན་ཚུལ་སོགས་ཀྱང་རྒྱུ་མཚན་གཅིག་ནས་གཉིས་སུ་བགྲངས་ནས་བརྟེན་དགོས་པར་བཤད་ཀྱི་ཡོད་ནའང་། བོད་པ་རྣམས་ལ་རྒྱུ་མཚན་གང་ཡང་མི་དགོས་པར་བླ་མ་ཡིན་ཚད་དད་པ་དང་རྨོངས་དད་གཙིགས་འཛིན་བྱས་པ་འདི་ཡང་ཅིས་ཕྱིར་ཁ་དོན་མི་མཐུན་པའི་བོད་པའི་གླེན་རྟགས་ཆེན་པོ་ཞིག་ཅིས་ཕྱིར་མིན།

Re:ཁ་དོན་མི་མཚུངས་པས་བོད་པའི་གླེན་རྟགས། | 2012/7/6 13:45:54
danzengyixi


བཀླགས་ཟིན། ཁྱེད་ཀྱི་བཤད་པ་དག་ལ་མོས་མཐུན་ཡོད།
མ་མཐུད་འདི་ལྟ་བུའི་རིགས་རང་གཞན་ཀུན་གྱི་མང་ཙམ་སྤེལ་དགོས་འདུག བསྟོད་བསྔག་རྐྱང་པས་ཡར་རྒྱས་ག་ལ་ཡོང་སྲིད།
ལྷ་གཡག་དར་མས།
Re:ཁ་དོན་མི་མཚུངས་པས་བོད་པའི་གླེན་རྟགས། | 2012/7/6 21:15:29
zhongsongཁ་དོན་མི་མཚུངས་༼པའི་༽ཟེར་དགོས་སྙམ། སྐྱོན་སེལ་ཡིན་སྙམ་ཐུགས་དོགས་མི་གནང་བའི་རེ་བ་ཡོད།
Re:ཁ་དོན་མི་མཚུངས་པས་བོད་པའི་གླེན་རྟགས། | 2012/7/7 18:47:51
yongzhoglangdaགཏམ་དེ་འདྲ་ངས་ཀྱང་ཤོད་བཞིན་ཡོད། ཀླད་རྙིང་ཅན་དེ་ཚོས་སྡུག་རུ་ངན་ཚད་ཟེར་ཡོང་གི། འོན་ཏེ་བདེན་པ་ཡིན་ཕྱིར་ཞེད་ཡས་ཟེ་གས་མི་འདུག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.