ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ།  | 2012/7/24 15:08:00

རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ།

                                      

                             ཁམས་འགྲེལ ལས།                                 

གང་གི་དྲིན་གྱིས་གནས་ལུགས་སྟོང་པ་ཉིད་ཀྱི་འོད།།

འཁོར་བའི་མུན་ཚོགས་འཇོམས་པ་སྣང་བའི་རྒྱལ་པོ་ལགས།།

ཤེས་རབ་གསུམ་གྱི་རྟོགས་པ་རིམ་གྱིས་བསྐྱེད་མཛད་པ།།

ཕྱོགས་བཅུའི་བླ་མ་རིན་ཆེན་རྣམས་ལ་གུས་པས་འདུད།།

 

བསྐལ་པ་དུ་མར་བསོད་ནམས་ཡེ་ཤེས་ཚོགས་བསགས་ནས།།

དྲི་མེད་རྣམ་དག་མཁྱེན་པས་ཤེས་བྱའི་དཀྱིལ་འཁོར་ཁྱབ།།

བརྩེ་བའི་སྙིང་རྗེ་ཆེན་པོས་འགྲོ་བ་ཐར་པར་འདྲེན།

ལྷ་མིའི་སྟོན་པ་འཇིག་རྟེན་སྒྲོན་མ་དེ་ལ་འདུད།

 

བདེ་བར་གཤེགས་པའི་གསུང་རབ་མི་ཟད་རྒྱ་མཚོའི་ཀློང་།།

བདག་མེད་སྙེམས་པའི་སེམས་དཔའ་སྟོང་གིས་བགྲོད་པའི་ལམ།།

བློ་ངན་བདག་གིས་དེ་ལ་དཔྱད་པར་མི་རིག་ཀྱང་།།

འོན་ཀྱང་བླ་མའི་ཞལ་གྱི་བུམ་ལས་བདུད་རྩིའི་བཅུད།།

 

ལེགས་པར་འཐུངས་ལས་ལུང་གི་དགོངས་པ་བཀྲལ་བ་འདི།།

རྒན་པོ་ངན་རྟོག་བརྒྱུད་པའི་ཚིག་ལ་མ་ཞེན་པའི།།

བློ་ལྡན་རྣམས་ཀྱིས་ལུང་རིགས་གཉིས་ཀྱིས་འཐད་མཐོང་ཕྱིར།།

མཁས་པས་རྣམ་པར་བཞག་པ་འདི་ལ་འཇུག་པར་བྱའོ།།

 

རྨེའུ་མཁས་པ་དཔལ་ཆེན་པོ་འམ་དྲང་སྲོང་ཚུལ་ཁྲིམས་དཔལ་ཆེན་ཞེས་མཚན་སྙན་སྲིད་གསུམ་ན་འཕྱོ་ཞིང་། བློ་གཟུ་བོར་གནས་པའི་དཔྱོད་ལྡན་མཁས་པ་རྣམས་ཀྱིས་ཅིས་ཕྱིར་ཁྱེད་ལ་ཤིས་ཚིག་ཁྲི་སྟོང་གི་མེ་ཏོག་མཁའ་རུ་མི་བསྟོད།  སྤྱིར་རང་ལུགས་དང་གཞན་ལུགས་ལ་མཁས་པ་སྔ་ཕྱི་རིམ་ཅན་མི་ཉུང་བ་ཞིག་ཐོན་ཡོད་ཀྱང་། འགའ་ཞིག་གིས་རྩོད་པ་ཁོ་ན་ལྷུར་ལེན་པ་དང་། འགའ་ཞིག་གིས་དོན་ཁོ་ན་གཙིགས་སུ་བཟུང་སྟེ་ཚིག་གི་ཆ་རྣམས་ཡལ་བར་དོར་བ་སོགས་འདྲ་མིན་ཞིག་བྱུང་ཡོད་པས་སྐྱོན་ཆ་མི་ཉུང་བ་ཞིག་བློ་ངོར་འགག་མེད་དུ་རང་བཞིན་གྱིས་འཆར་ཞིང་། རྨེའུ་མཁས་པ་དཔལ་ཆེན་ཞེས་མཚན་སྙན་སྲིད་གསུམ་ན་གྲགས་ཤིང་། ཆེས་སྨད་དུ་བྱུང་བའི་སྐྱེས་བུ་ཆེན་པོ་དེས་མཛད་པའི་ཁམས་འགྲེལ་རིན་པོ་འདི་རང་ལུགས་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ཞིག་ཡིན་པ་ཀུན་གྱིས་མཐོང་ཆོས་སུ་གྱུར།  དེ་ཡང་སྤྱིར་ད་ལྟའི་དུས་སྐབས་འདིར་རང་ཅག་རྣམས་ཀྱིས་མཐོང་ཡུལ་དུ་གྱུར་བ་དང་མ་གྱུར་བ་མང་དག་ཅིག་ཡོད་པ་སྨོས་མ་དགོས་ཤིང་། དེས་ནང་ནས་དེང་སང་མཇལ་ཡུལ་དུ་མ་གྱུར་ཀྱང་གཞུང་ཚིག་ཐར་ཐོར་མང་པོ་ཞིག་གང་སར་ལུང་འདྲེན་ཡོད་པའི་འབུམ་ཏིག་ཞེས་པ་དེའི་རྗེས་སུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་རིན་པོ་ཆེ་འདི་དོན་ཟབ་པ་དང་། ཚིག་ཟབ་པ་སོགས་མདོར་ན་མདོ་ཕར་ཕྱིན་ཐེག་པའི་ལུགས་ལ་བཀའ་རྟེན་ཀུན་གྱིས་ནང་ནས་ཟབ་ཤོས་དེ་འཇོག་དགོས་པར་སྣང་། དེ་ཡང་ཁམས་འགྲེལ་རིན་པོ་ཆེ་ཞེས་པའི་གཞུང་འདི་ཚིག་དོན་གང་གི་ཕྱོགས་སུ་མ་ལྷུང་བར་ཚིག་དོན་ཟུང་འབྲེལ་བྱས་ཏེ། དོན་གྱི་གལ་གནད་རྣམས་ཀྱང་རེ་རེ་བཞིན་དུ་བཙིར་བཟུང་བྱས་ཡོད་པ་དང་། རང་ལུགས་ལ་མཁས་པ་ང་ཡིན་ཁྱོད་ཡིན་ཞེས་མང་པོ་བྱུང་ཡོད་ཀྱང་མཁས་པ་དཔལ་ཆེན་པོ་ནི་འཇིག་རྟེན་འདིར་འདོད་དོན་རང་དབང་དུ་ཁམས་ཆེན་ལ་ཊཱིཀྐ་དངོས་སུ་མཛད་མཁན་ཐོག་མ་དེ་ཆགས་ཡོད་པར་གྲགས། དེས་ཕྱིར་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་གུས་པ་སེམས་གཏིང་ནས་ཡིད་སྨོན་ཤོར་ཞིང་། འདི་ལྟ་བུའི་ཁ་མིན་དོན་གྱིས་མཁས་པ་རེ་བྱུང་བ་རྣམས་རང་ཅག་བོན་འབངས་རྣམས་ཀྱི་བསོད་ནམས་ཤིག་ཅིས་ཕྱིར་མིན། གཞན་ཡང་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་འདིས་མདོ་ལུགས་ཀྱི་གཞི་དང་ལམ་དང་འབྲས་བུ་གསུམ་གྱི་དོན་རྣམས་གསལ་བར་བཤད་པ་དང་། ཚིག་མང་ཉུང་ལ་མ་ལྟོས་པར་དོན་གྱི་གལ་གནད་རྣམས་བཀྲོལ་ཡོད་པས་ཅིས་ཕྱིར་ཁམས་འགྲེལ་འདི་གསེར་ལྟ་བུའི་རང་བཞིན་ལྡན་པའི་གསུང་རབ་སྨད་དུ་བྱུང་བ་ཞིག་མིན།

 

 

 

 

 

 

 

 

 

 

 

 

 

 

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.