འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད།
- མཚན་ལྡན་བླ་མའི་བཀའ
- སྨྱོ་གཏམ་ནང་གི་དྲང
- རྫོགས་པ་ཆེན་པོའི་ག
- ཚད་མའི་རིག་སྒྲ།
- དུས་རབས་ཉེར་གཅིག་པ
- ༧ཡོངས་འཛིན་བླ་མའི་
- ནང་ཆོས་བོད་ལ་དར་བའ
- ཐེག་ཆེན་མཐོང་ལམ་སྐ
- སློབ་སྦྱོང་ལ་བར་ཆད
- སངས་རྒྱས་གཤེན་རབ་མ
- སྲོང་བཙན་གོང་དུ་བོ
- འཇིག་རྟེན་འདི་ནས་ཚ
- རྨེའུ་མཁས་པ་དཔལ་ཆེ
- ༧སྐྱབས་རྗེ་རྣམ་གཉི
- ལྷ་མི་གཞན་བརྟེན་གྱ
- ཁ་དོན་མི་མཚུངས་པས་
- ངའི་སེམས་ཀྱི་བརྩེ་
- རང་གི་ཕ་མྱེས་ཀྱི་ཆ
- ཁྱོད་ཀྱིས་འདོད་པ་ང
- སེམས་ཀྱི་སྙིང་གཏམ་
རྣམ་དཔྱོད་ངོམས། མདུན་བསྐྱོད་བྱེད། སེམས་ཤུགས་བསྐྱེད།
སློབ་སྦྱོང་ལ་བར་ཆད་བྱེད་མཁན་གྱི་གསོན་འདྲེ།།
གང་ཞིག་ལ་སློབ་གཉེར་བྱེད་མཁན་ཞིག་ཡིན་ཕྱིན་ཆད།
དེར་བར་ཆད་བྱེད་མཁན་གྱི་གསོན་འདྲེ་ཞིག་ཡོད་ངེས་ཡིན། བར་ཆད་བྱེད་མཁན་གྱི་གསོན་འདྲེ་ཞེས་པ་དེ་ལ་མང་ཡོད་ཀྱང་གཙོ་བོ་གཉིས་ཡོད།
གཅིག་གི་གྲོགས་པོ་ངན་པ་དེ་ཚོ་ཡིན། གཉིས་ནི་རང་གི་སེམས་རྒྱུད་ཀྱི་ལེ་ལོ་ཡིན་པ་གོར་མ་ཆགས།
དང་པོ་སློབ་གཉེར་བྱེད་མཁན་རྣམས་རང་ཚུགས་ཐུབ་མཁན་ཞིག་ཡིན་པའི་ངེས་པ་རྩ་བ་ནས་མེད་ཅིང་།
ལྷག་པར་དུ་རིག་པ་གསལ་པོ་ཡོད་མཁན་དེ་ཚོའི་རིགས་ཡང་རང་ཚུགས་ཐུབ་མཁན་ཡིན་པས་ངེས་པ་མེད།
དེས་ན་སློབ་གཉེར་བ་ཞིག་གི་ངོས་ནས་བསམ་ན་ངེས་པར་གྲོགས་པོ་ཚད་ལྡན་ཞིག་དང་སློབ་སྦྱོང་ཡོད་མཁན་ཞིག་དང་མཉམ་དུ་གཤིབ་དགོས་པ་ཧ་ཅང་གི་གལ་ཆེ་མཐོང་གི་འདུག
དེ་མིན་སློབ་གཉེར་བ་གསར་བ་ཞིག་ཡིན་ཚེ་གྲོགས་བཟང་པོ་ཞིག་དང་མཉམ་དུ་འགྲིག་རྒྱུར་ཧ་ཅང་དཀོན་པོ་ཡིན།
གྲོགས་ངན་དེ་དང་འགྲོག་རྒྱུར་ཧ་མགྱོགས་པོ་བྱེད་ནས་འགྲིག་གི་ཡོད་པས་གྲོགས་ངན་དེ་ཚོར་གཟབ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན།
གྲོགས་ངན་དེ་ཚོར་འགྲོགས་རྒྱུར་མ་གཟབ་ན། རང་ལ་སློབ་སྦྱོང་ཡོད་པ་དེ་ཚོ་མེད་པ་ཆགས་རྒྱུར་དང་རང་གི་མི་ཚེ་ཁོ་རང་དོན་མེད་དུ་འགྱུར་གྱི་ཡོད།
གཉིས་པ་རང་རྒྱུད་ཀྱི་ལེ་ལོ་ལ་བསམ་ན། ང་ཚོ་སེམས་ཅན་རང་ཁ་མ་ཞིག་གིས་ལེ་ལོ་མགྱོགས་པོ་སྤང་མི་ཐུབ་ཀྱང་ཉེས་མིག་ལྟ་དགོས་པ་གལ་ཆེན་པོ་ཡིན།
དེ་རིང་ལེ་ལོ་བྱས་དུས་སྣང་མེད་བྱས་ག་དུས་ཡིན་ནའང་ལེ་ལོ་སྣང་མེད་གཏོང་མི་ཉན། དེ་རིང་ལེ་ལོ་བྱས་སོང་འགྲིག་མ་སོང་བསམ་པའི་བློ་ཞིག་ངེས་པར་ཡོང་བ་བྱ་དགོས།
དེ་ལྟར་མ་བྱས་ན་རང་རྒྱུད་ཀྱི་ལེ་ལོའི་རང་གི་དལ་འབྱོར་མི་ལུས་རིན་པོ་ཆེ་དོན་མེད་བཟོ་ངེས་ཡིན།
- ཟིན་ཐོ་གོང་མ།སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་སྐོར་ལ་རོབ་ཙམ་དཔྱད་པ།
- ཟིན་ཐོ་འོག་མ།ཐེག་ཆེན་མཐོང་ལམ་སྐོར་ལ་ཅུང་ཙམ་དཔྱད་པ།།
