ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལྷ་མི་གཞན་བརྟེན་གྱི་སྐོར་ལ་ཅུང་ཙམ་དཔྱད་པ། | 2012/7/13 15:47:00

ལྷ་མི་གཞན་བརྟེན་གྱི་སྐོར་ལ་ཅུང་ཙམ་དཔྱད་པ།

 

ཐེག་པ་དང་པོ་ལྷ་མི་གཞན་བརྟེན་སྐོར།

             རྒྱལ་བའི་བཀའ་དང་འཕགས་པའི་ལུང་སོགས་ལས།

              ཇི་ལྟར་གསུངས་ཀྱང་སྣང་མེད་ཟུར་དུ་བཞག་པས།

    མ་བཟོད་མྱུག་རྩེ་ཤོག་དཀར་ཐོག་ཏུ་ཤོར།

 

གུས་པས་བསམ་ཚུལ་ཐུང་ཙམ་བྲིས་པ་འདིར།

ཇི་སྲིད་འགལ་དང་ནོར་བ་ཡོད་གྱུར་ན།

སྐྱབས་གནས་ལྷ་དང་བླ་མའི་སྤྱན་སྔ་རུ།

མི་ཕྱེད་དད་པའི་སྒོ་ནས་བཟོད་གསོལ་ཞུ།

 

དེ་ཡང་ཁ་ཅིག་གིས་ཐེག་འགྲེལ་དངོས་བསྟན་གྱི་ལྷ་མི་གཞན་བརྟེན་པ་མ་གཏོགས་ལྷ་མི་གཞན་བརྟེན་པ་ཞིག་མེད་ཟེར་བ་དེ་ནི། ཕྱོགས་གཅིག་ནས་བལྟས་ན་མངར་མོ་ཡིན་ན་འོ་མ་ཡིན་པའི་ཁྱབ་ཅེས་པ་དང་མཚུངས་སོ། གལ་སྲིོད་ལྷ་མི་གཞན་བརྟེན་གྱི་ཐེག་པ་འདི་རྟོལ་མེད་མུན་པའི་ཤེས་པ་འདི་ཀ་གཙོ་བོ་བྱེད་པ་ལས་གཞན་པའི་ལྷ་མི་གཞན་བརྟེན་པ་ཞིག་མེད་ཟེར་ན། ཡེ་ཁྲི་མཐའ་སེལ་དང་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གཉིས་ལས་གང་ཟག་བདག་མེད་རྟོགས་ཡོད་པ་དང་། དེ་ཡང་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་ལས། དེ་ལས་དང་པོ་རྟོགས་ནས་གྲོལ་བར་འདོད་པ་ཐེག་པ་རིམ་པ་བརྒྱད་དེ། ལྷ་མི་གཞན་བརྟེན་གྱི་ཐེག་པ་བདེན་པ་བཞི་རྟོགས་ནས་གྲོལ་བར་འདོད་པ་ནས། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་དབྱིངས་དང་ཡེ་ཤེས་ཀྱི་དོན་རྟོགས་ནས་གྲོལ་བར་འདོད་པ་མན་ཆད། ཅེས་པའི་དོན་གང་ཡིན། གལ་སྲིད་ལྷ་མི་གཞན་བརྟེན་ལ་གང་ཟག་གི་བདག་མེད་རྟོགས་ནས་གྲོལ་བར་འདོད་མཁན་ཞིག་དང་བདེན་བཞི་རྟོགས་ནས་གྲོལ་བར་འདོད་མཁན་ཞིག་གཏན་ནས་མེད་པ་དང་། གོང་གི་ལུང་དེ་དག་དགོངས་གཞི་ཅན་ཡིན་པའི་དབང་དུ་བཏང་ན། རྒྱུ་མཚན་ག་རེ་ལ་བརྟེན་ནས་གཞན་བརྟེན་གྱི་ཐེག་པ་ལ་བདེན་བཞི་རྟོགས་ནས་གྲོལ་བར་འདོད་པ་དང་གང་ཟག་གི་བདག་མེད་རྟོགས་ནས་གྲོལ་པ་གསུངས་པ་རེད། ཕྲན་གྱིས་བསམ་བློ་ཞིག་བཏང་ན་གཞན་བརྟེན་གྱི་ཐེག་པ་ཞེས་པ་འདི་མཐའ་གཅིག་ཏུ་མ་ངེས་པའི་ཐེག་པ་ཞིག་སྟེ། བདག་མེད་རྟོགས་མཁན་དང་རྟོལ་མེད་གྱི་མུན་པའི་ཤེས་པ་ནང་བཞིན་བྱེད་མཁན་གྱི་གཞན་བརྟེན་གྱི་ཐེག་པ་སོགས་དུ་མ་ཞིག་ཡོད་པར་བསམ་མོ། དེ་བཞིན་ལྷོ་གཏེར་ལུགས་ཀྱི་རྒྱུ་ཐེག་བཞི་ཀ་དབུས་གཏེར་ལ་བསྡུ་ན་གཞན་བརྟེན་གྱི་ཁོང་སུ་བསྡུ་དགོས་ཀྱང་། ཐེག་འགྲེལ་དངོས་བསྟན་གྱི་གཞན་བརྟེན་ལ་མི་འདུ་སྟེ།  རྟོལ་མེད་ཀྱི་མུན་པའི་ཤེས་པ་གཙོ་བོ་འཛིན་མཁན་གྱི་ཐེག་པ་ཞིག་མ་ཡིན་པའི་ཕྱིར་སྟེ། ཡོངས་རྫོགས་ལས། དེ་ནས་འཕྲུལ་གཤེན་སྒོ་ནས་འཇུགས་ཙམ་ན། དབལ་གསས་སུམ་བརྒྱ་དྲུག་ཅུ་ལུས་ལ་བཀོད། དབལ་མོ་དགུ་ཁྲི་དགུ་འབུམ་གླད་ཀྱི་ཞྭ་ལྟར་གྱོན། དབལ་མོ་ཉི་ཁྲི་བདུན་སྟོང་ཤ་དང་ཁྲག་ལ་བརྟེན། དྲག་པོ་ཛོ་དབལ་རག་ཤ་ཐུན་ལ་སོགས། ངན་སྔགས་བརྒྱད་ཁྲི་བཞི་སྟོང་ལྗགས་ལ་བཀྲམ། དབུ་འཕང་སྨད་ཅིང་བསྟན་པ་བཤིགས་པ་རྣམས། རྡུལ་ཕྲན་བཞིན་དུ་བརླག་པར་བདག་གིས་བྱས། མ་ཉེས་སྟབས་ལ་བདག་གིས་ཡོངས་མ་བགྱིས། བརྒྱ་ལ་བྱས་ཤིང་བཅད་ན་དེ་ཡང་མཐོལ་ལོ་བཤགས། ཞེས་སོགས་དང་། དྲི་མེད་གཟི་བརྗིད་ལས་ཀྱང་རྒྱུ་ཐེག་བཞི་ཡིས། མོས་སྤྱོད་ཀྱི་ས་བཞི་ནོན་པའོ། ཞེས་སོགས་ཀྱི་ལུང་དོན་རྣམས་ལ་བརྟགས་ན་ཡང་རྟོལ་མེད་མུན་པའི་ཤེས་པ་ཁོ་ན་གཙོ་བོ་མི་འཛིན་མཁན་ཞིག་པ་མངོན་སུམ་གྱིས་གྲུབ། འོན་ཀྱང་ཁ་ཅིག་གི་དེ་དག་ལ་གཏན་ནས་བསམ་བློ་མི་གཏང་བར་རང་གི་རྣམ་རྟོག་གིས་ཁུང་བུ་ཆུང་ཆུང་ཞིག་བཟོས་ཏེ། དེའི་ནང་ལ་མ་འཛུལ་ན་དེ་ནས་རྒྱལ་བའི་བཀའ་དང་འགལ་ས་འཕགས་པའི་ལུང་དང་འགལ་ས་སོགས་མི་འགྲིག་ས་མང་པོ་ཞིག་ལུང་འདྲེན་བྱེད་ཁུལ་བྱས་པ་འདི་ཚོ་རྒྱུ་མཚན་ལྟོས་ཆུང་ངོ་།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.