འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད།
- མཚན་ལྡན་བླ་མའི་བཀའ
- སྨྱོ་གཏམ་ནང་གི་དྲང
- རྫོགས་པ་ཆེན་པོའི་ག
- ཚད་མའི་རིག་སྒྲ།
- དུས་རབས་ཉེར་གཅིག་པ
- ༧ཡོངས་འཛིན་བླ་མའི་
- ནང་ཆོས་བོད་ལ་དར་བའ
- ཐེག་ཆེན་མཐོང་ལམ་སྐ
- སློབ་སྦྱོང་ལ་བར་ཆད
- སངས་རྒྱས་གཤེན་རབ་མ
- སྲོང་བཙན་གོང་དུ་བོ
- འཇིག་རྟེན་འདི་ནས་ཚ
- རྨེའུ་མཁས་པ་དཔལ་ཆེ
- ༧སྐྱབས་རྗེ་རྣམ་གཉི
- ལྷ་མི་གཞན་བརྟེན་གྱ
- ཁ་དོན་མི་མཚུངས་པས་
- ངའི་སེམས་ཀྱི་བརྩེ་
- རང་གི་ཕ་མྱེས་ཀྱི་ཆ
- ཁྱོད་ཀྱིས་འདོད་པ་ང
- སེམས་ཀྱི་སྙིང་གཏམ་
རྣམ་དཔྱོད་ངོམས། མདུན་བསྐྱོད་བྱེད། སེམས་ཤུགས་བསྐྱེད།
རྒྱལ་གཤེན་བསྟན་པའི་ཀ་ཆེན་རྣམ་བཞི།
གྲགས་ཅན་གླུ་བ་ཤེར་བསྟན་གྱི་གླུ་གཞས།
ཚིག ཀ་ཤུལ་བསོད་རིན།
ལེན་མཁན་ཤེར་བསྟན།
མཚན་དཔེ་གསེར་གྱི་ཉི་མ་གངས་ནས་བཞད།
རླབས་ཆེན་བསྟན་འགྲོའི་ལས་དོན་ཕྱི་ནས་མཛད།
ཨ་་་་ང་ཡི་དྲིན་ཆེན་བླ་མ།
རྒྱལ་བ་སྨན་རི་ཚང་གི་མཁན་སློབ་ཉི་ཟླ་ཟུང་འབྲེལ།
སྐུ་ཉི་ཟླའི་སྣང་བ་སྣོད་བཅུད་ཡོངས་ལ་གནང་སོང་།
གསུང་ཕན་བདེའི་མན་ངག་རིས་མེད་འགྲོ་ལ་སྦྱིན་སོང་།
ཨ་་་་ང་ཡི་དྲིན་ཆེན་བླ་མ།
གཤེན་རབ་བསྟན་པ་མེས་པོའི་མཆོད་གནས་ཡིན།
སྤུ་རྒྱལ་བཙན་པོ་ཆགས་པའི་རྨང་རྡོ་ཡིན།
གཉའ་ཁྲི་བཙན་པོ་གནམ་སྐས་རྨུ་ཐག་ཡིན།
དྲིན་ཆེན་བླ་མ་བསྟན་པའི་ཀ་ཆེན་ཡིན།
དམུ་རིགས་གཤེན་གྱི་རྒྱལ་པོའི་གདུང་ལས་གྲོལ།
ཕན་བདེ་འོད་ཀྱི་སྣང་བ་དབུས་ནས་ཤར།
ཨ་་་་་ང་ཡི་དྲིན་ཆེན་བླ་མ།
སྲིད་གསུམ་འགྲོ་བའི་སྒྲོན་མེ།
རྒྱལ་བ་གཤེན་སྲས་གོང་མ།
སྐུ་བརྗིད་ཆེན་གངས་དཀར་ཏི་སེའི་རྩེ་ནས་ཤར་སོང་།
ཐུགས་བྱིན་ཆེན་རིས་མེད་འགྲོ་ཀུན་ཡོངས་ལ་བཏབ་སོང་།
ཨ་་་་ང་ཡི་དྲིན་ཆེན་བླ་མ།
གཤེན་རབ་བསྟན་པ་མེས་པོའི་མཆོད་གནས་ཡིན།
སྤུ་རྒྱལ་བཙན་པོ་ཆགས་པའི་རྨང་རྡོ་ཡིན།
གཉའ་ཁྲི་བཙན་པོ་གནམ་སྐས་རྨུ་ཐག་ཡིན།
དྲིན་ཆེན་བླ་མ་བསྟན་པའི་ཀ་ཆེན་ཡིན།
མཁའ་འགྱིང་གཉན་གྱི་རྒྱལ་པོའི་རིགས་སུ་གྲོལ།
ཐབས་ཤེས་འོད་ཀྱི་དཀྱིལ་འཁོར་སྨད་ནས་རྫོགས།
ཨ་་་་ང་ཡི་དྲིན་ཆེན་བླ་མ།
མདོ་སྨད་བསྟན་པའི་མངའ་བདག།
སྣང་སྟོན་སྨྲ་བའི་སེང་གེ
ཐུགས་སྒམ་པོའི་མན་ངག་གངས་ཅན་བོད་ལ་བཏབ་སོང་།
གསུང་རྩེན་པོའི་བཞེད་དགོངས་འགྲོ་ཀུན་ཡོངས་ལ་ཐིམ་སོང་།
ཨ་་་་་ང་ཡི་དྲིན་ཆེན་བླ་མ།