འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད།
- མཚན་ལྡན་བླ་མའི་བཀའ
- སྨྱོ་གཏམ་ནང་གི་དྲང
- རྫོགས་པ་ཆེན་པོའི་ག
- ཚད་མའི་རིག་སྒྲ།
- དུས་རབས་ཉེར་གཅིག་པ
- ༧ཡོངས་འཛིན་བླ་མའི་
- ནང་ཆོས་བོད་ལ་དར་བའ
- ཐེག་ཆེན་མཐོང་ལམ་སྐ
- སློབ་སྦྱོང་ལ་བར་ཆད
- སངས་རྒྱས་གཤེན་རབ་མ
- སྲོང་བཙན་གོང་དུ་བོ
- འཇིག་རྟེན་འདི་ནས་ཚ
- རྨེའུ་མཁས་པ་དཔལ་ཆེ
- ༧སྐྱབས་རྗེ་རྣམ་གཉི
- ལྷ་མི་གཞན་བརྟེན་གྱ
- ཁ་དོན་མི་མཚུངས་པས་
- ངའི་སེམས་ཀྱི་བརྩེ་
- རང་གི་ཕ་མྱེས་ཀྱི་ཆ
- ཁྱོད་ཀྱིས་འདོད་པ་ང
- སེམས་ཀྱི་སྙིང་གཏམ་
རྣམ་དཔྱོད་ངོམས། མདུན་བསྐྱོད་བྱེད། སེམས་ཤུགས་བསྐྱེད།
༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ལ་ཕུལ།
བླ་མ་ལགས། ཁྱེད་ནི་མི་འཇིག་གདོང་ལྔའི་བཏེགས་པའི་ཁྲི་འཕང་ལ། བསྟན་པ་དང་འགྲོ་བའི་དོན་ཆེན་མ་རྫོགས་བར་དུ་བཞུགས་སུ་གསོལ། བླ་མ་ལགས། རྒྱལ་བ་གཤེན་མི་བོའི་བསྟན་པ་འདི་ཉག་ཕྲ་བའི་ཆེས་གཉེན་འཕྲང་ཅན་གྱི་དུས་སྐབས་འདིར་བསམ་ཡུལ་ལས་འདས་པའི་བླ་མ་ཁྱེད་ཀྱི་མཛད་འཕྲིན་ཆུ་བོའི་རྒྱུན་བཞིན་འབད་མེད་ལྷུན་འགྲུབ་ཡོང་བའི་རེ་སྨོན་ཞུ། བླ་མ་ལགས། གནམ་འོག་གི་འཇིག་རྟེན་འདི་ནས་ང་ཚོ་སྤྱི་བོ་གནམ་བསྟན་གྱི་བོན་འབངས་ཡོངས་ཀྱིས་མི་ཕྱེད་དད་པའིི་སྒོ་ནས་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ཏེ་འཁོར་བ་མ་སྟོང་བར་ཁྱེད་ཀྱི་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས་བཞིན་ཡོད། བླ་མ་ལགས། ཁྱེད་ཀྱི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་ཡོད་དོ་ཅོག་སྐྱེ་བོ་ཐ་མལ་བ་ཞིག་གི་བློ་རྩེ་ཁབ་མིག་ལྟ་བུའི་ནང་དུ་འཆར་བ་ཤིན་ཏུ་དཀའ་ནའང་། རྣམ་པར་དག་པའི་ཀུན་སློང་གཞིར་བཞག་ནས་རང་གི་ཤེས་ཚོད་ཙམ་ཞིག་བྲིས་པ་ཡིན། སྙན་ངག་མཁན་པོ་ཞིག་གི་ཡོད་རྒུ་རྩལ་དུ་བཏོན་ནས་ཚིག་གི་ལོ་མའི་བཏུམ་སྟེ་བྲིས་པ་མིན་ན་ཡང་། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་དད་པ་དང་གསོལ་འདེབས་མཉམ་དུ་བསྒྲགས་ནས་བྲིས་པ་ཡིན། བླ་མ་ལགས། ཁྱེད་ནི་ང་ཚོ་བོན་འབངས་རྣམས་ཀྱིས་དད་པའི་རྟེན་དང་ཁམས་སུམ་འགྲོ་བའི་མགོན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་དེ་ཉིད་ཀྱིས་རྒྱལ་ཚབ་བྱས་ཏེ་འགྱུར་མེད་རིན་ཆེན་ཁྲི་ལ་བཞུགས་སོ་གསོལ། གུས་པ་སྣང་གྲྭ་བསྟན་པ་དར་རྒྱས་འམ་ཝོར་འབེལ་ནས་བྲིས།
- ཟིན་ཐོ་གོང་མ།ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་དེ་དབུ་མའི་གཞུང་ཡིན་པ་ཚད་མའི་གྲུབ་པ།
- ཟིན་ཐོ་འོག་མ།རྒྱལ་གཤེན་བསྟན་པའི་ཀ་ཆེན་རྣམ་བཞི།


ཉམས་མྱོང་གི་སྙིང་གཏམ་ལགས། དགོངས་པ་མ་ཚོམ།