འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད།
- མཚན་ལྡན་བླ་མའི་བཀའ
- སྨྱོ་གཏམ་ནང་གི་དྲང
- རྫོགས་པ་ཆེན་པོའི་ག
- ཚད་མའི་རིག་སྒྲ།
- དུས་རབས་ཉེར་གཅིག་པ
- ༧ཡོངས་འཛིན་བླ་མའི་
- ནང་ཆོས་བོད་ལ་དར་བའ
- ཐེག་ཆེན་མཐོང་ལམ་སྐ
- སློབ་སྦྱོང་ལ་བར་ཆད
- སངས་རྒྱས་གཤེན་རབ་མ
- སྲོང་བཙན་གོང་དུ་བོ
- འཇིག་རྟེན་འདི་ནས་ཚ
- རྨེའུ་མཁས་པ་དཔལ་ཆེ
- ༧སྐྱབས་རྗེ་རྣམ་གཉི
- ལྷ་མི་གཞན་བརྟེན་གྱ
- ཁ་དོན་མི་མཚུངས་པས་
- ངའི་སེམས་ཀྱི་བརྩེ་
- རང་གི་ཕ་མྱེས་ཀྱི་ཆ
- ཁྱོད་ཀྱིས་འདོད་པ་ང
- སེམས་ཀྱི་སྙིང་གཏམ་
རྣམ་དཔྱོད་ངོམས། མདུན་བསྐྱོད་བྱེད། སེམས་ཤུགས་བསྐྱེད།
ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་དེ་དབུ་མའི་གཞུང་ཡིན་པ་ཚད་མའི་གྲུབ་པ།
ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་དེ་དབུ་མའི་གཞུང་ཡིན་པ་འབུམ་ལྔའི་བཀའ་
འགྲེལ་རང་ལས་གསལ་ཞིང་། དཀའ་ཐུབ་རྣམ་བཤད་རྒྱལ་བསྟན་གསལ་བྱེད་ཀྱི་དགོངས་དོན
་ཕྱིན་ཅི་མ་ལོག་པ་དང་། རང་གི་རིོག་པའི་རྣམ་དཔྱོད་ཡོད་དགུ་རྩལ་དུ་བཏོན་ནས་ཇི་ཙམ
་དཔྱད་ཁུལ་བྱས་ན་ཡང་དབུ་མ་པ་ལས་ལྷག་པའི་ལྟ་སྤྱོད་ཅིག་བསྟན་པར་མི་སྣང་ངོ་།
དང་པོ། བྱམས་མ་འབུམ་ལྔའི་བཀའ་འགྲེལ་ལས། ལྟ་བ་ཡས་ཕུབ་ཅེས་བྱ་བ་ནི། བདེན་གཉིས
་རྟོགས་པའི་ལྟ་བ་རྒྱུད་ལ་བསྐྱེད་པའོ། འདི་ལ་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་བཅད
་ནས། སྒྲིབ་གཉིས་སྤོང་བར་བྱེད་དོ། འདི་ལ་ཐེག་རིམ་ནས་གཡུང་དྲུང་སེམས་དཔའི་ཐེག་པ་
སྤྲོས་མེད་ཅེས་བྱའོ། ཞེས་གསུངས་སོ། གཉིས་པ་ནི། དཀའ་ཐུབ་རྣམ་བཤད་ལས། ཚུལ་མང་པོ
་ཞིག་ཐུགས་རྗེ་སེམས་དཔའི་གྲུབ་མཐའ་དང་ཚིག་འདྲ་ཡང་དོན་དུ་འདིས་རང་བཞིན་གྱིས
་གྲུབ་པ་དང་། རང་དབང་བ་དང་དེའི་གཞན་དབང་སོགས་གཏན་ནས་མི་འདོད་དོ། གཞན
་ཡང་ཐིག་ལེ་ཉག་གཅིག་སོགས་ཀྱི་ཐ་སྙད་འགའ་ཞིག་གོང་མ་ལྟར་བྱུང་ཡང་། དོན་མི་འདྲ་སྟེ
། འབུམ་ལས། མཐར་ཐུག་མཐའ་མེད་སྤྲོས་བྲལ་ངང་། དེ་བཞིན་ཉིད་གྱུར་བ་ལ། སྐུ་དང་ཡེ་ཤེས
་གང་ཡང་མེད། གཟུགས་བརྙན་སྣང་བའི་བསླུས་པ་ཡིན། ནམ་མཁའི་རང་བཞིན་མ་ཡིན་པ།
སྣང་བ་གྲུབ་པ་བདེན་མེད་དོ། ཞེས་སོགས་ཀྱིས་རང་བཞིན་གྱིས་སྟོང་པའི་གནས་ལུགས་ལ་སྐུ་
དང་ཡེ་ཤེས་སོགས་ཀྱིས་རང་བཞིན་ལྷུན་གྲུབ་ཀྱི་བདག་ཉིད་སོགས་སུ་མི་འདོད་པར་བསྟན། ཞེས་གསུངས་སོ། སྒྲུབ་བྱེད་གཙོ་བོ་དཔྱད་གསུམ་དག་པའི་ལུང་དེ་གཉིས་ལ་བརྟེན་ནས་ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་དེ་དབུ་མའི་གཞུང་ཡིན་པར་གྲུབ་པ་ཙམ་དུ་མ་ཟད་ཡེ
་གཤེན་བཀོད་པ་དོན་འབུམ་གྱི་གཞུང་རང་གི་བབ་ལ་བརྟགས་ན་ཡང་དབུ་མ་པ་ལས་བརྒལ
་བའི་ལྟ་བ་དང་སྤྱོད་པ་ཞིག་བསྟན་པར་མི་སྣང་ངོ་། དེས་ན་རང་ལུགས་ལ་དབུ་མ་པའི་ལྟ་བ་
གཅིག་ཁོ་ནའི་མ་ངེས་ཤིང་མཐར་ཐུག་གི་ལྟ་བ་གཅིག་དང་གནས་སྐབས་དོན་དམ་གཏན་ལ་
འབེབས་པའི་སྐབས་ཀྱི་ལྟ་བ་གཉིས་ཡོད་པ་སྙམ་ཞིང་། ཡེ་གཤེན་བཀོད་པ་དོན་འབུམ་གྱི་སྐབས
་སུ་དོན་དམ་གཏན་ལ་འབེབ་ཅེས་དོན་དམ་དེ་གནས་སྐབས་ཀྱི་དོན་དམ་མམ་ཡང་ན་འཇིག་རྟེན་གྲགས་སྡེའི་དོན་དམ་ཞེས་པ་དེ་གཞུང་རང་གི་བརྗོད་བྱའི་གཙོ་བོར་སྟོན་པ་ཡིན་ཏེ། ལྟ་བ་ཡས་ཕུབ་བསྟན་པའི་སྐབས་སུ ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་ལས། བརྟགས་པའི་གནས་ལ་གཉིས་ཏེ། ཡུལ་དང་ཤེས་པའོ། ཞེས་པའི་དབུ་མའི་ལུགས་ཀྱི་དོན་དམ་གཏན་འབེབ་ཚུལ་བསྟན་ཏེ། དང་པོ་ཡུལ་ལ་བརྟགས་པ་ནི། ཀུན་རྫོབ་སྣང་བ་ཧོམ་ཧོམ་པ། རྣམ་པར་དཔྱད་ན་བདེན་མེད་དེ། ཞེས་གསུངས་པའི་ཕྱིར། གཉིས་པ་ཤེས་པ་ལ་བརྟགས་པ་ནི། སེམས་དང་སེམས་འབྱུང་སྣ་ཚོགས་པ། རང་བཞིན་དུ་མ་ཅིར་སྣང་ཡང་། ངོ་བོ་གཅིག་ལས་མ་མཆིས་པ། དངོས་པོ་མ་གྲུབ་ཐིག་ལེ་གཅིགཞེས་གསུངས་སོ། བདེན་པར་མེད་པ་ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་འདིས་བརྗོད་བྱའི་གཅོ་བོ་ཡིན་པས་རྒྱུ་མཚན་གྱིས་གཞུང་འདི་ཐེག་པ་ཆེན་པོ་དབུ་མ་པའི་གཞུང་ཡིན་པར་སྙམ་མོ། ཡང་གཞུང་དེ་ཉིད་ལས། ཤེས་བྱ་རྣམ་པར་བཅད་དཔྱད་ནས། ཤེས་པ་ལས་ནི་གཞན་ཡོད་མིན། གཞན་མེད་ཕྱིར་ན་ཉག་གཅིག་སྟེ། དེ་ནི་རིག་པའི་ཡེ་ཤེས་སོ། ཞེས་པའི་ལུང་དེ་ལ་བརྟེན་ནས་ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པའི་ལུགས་ལ་ཡུལ་སེམས་གཉིས་ངོ་བོ་གཅིག་པ་ཡིན་པ། དཀའ་ཐུབ་རྣམ་བཤད་རྒྱལ་བསྟན་གསལ་བྱེད་ཀྱི་དགོངས་དོན་ཡིན་པ་དང་། སྣང་བ་ཐམས་ཅད་ཡེ་གཤེན་བཀོད་པ་དོན་འབུམ་གྱི་ལུགས་ལ་རང་འཛིན་ཤེས་པ་དང་ངོ་བོ་གཅིག་པ་ཡིན་ཀྱང་། ཐུགས་རྗེ་སེམས་དཔའ་དང་གཏན་ནས་མི་འདྲ་བར་འདིས་རང་འཛིན་ཤེས་པའི་ཕར་བཞག་པའི་རྒྱུ་མཚན་གྱིས་ཡུལ་དེ་རང་འཛིན་ཤེས་པ་དང་ངོ་བོ་གཅིག་པ་ཡིན་པར་འདོད་དོ། ཐུགས་རྗེ་སེམས་དཔའི་ལུགས་ལ་རང་འཛིན་ཤེས་པ་དང་ཡུལ་གཉིས་བག་ཆགས་གཅིག་གི་རྫས་ལ་བརྟེན་ནས་བྱུང་བའི་རྒྱུ་མཚན་གྱིས་ཡུལ་དང་སེམས་གཉིས་ངོ་བོ་གཅིག་པ་ཡིན་པར་བཞེད་དོ། ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་ལས། ཐམས་ཅན་སེམས་ཡིན་པ་བསྟན་པ་དང་དེ་བཞིན་ཤེས་པ་ལས་གཞན་མེད་པ་སོགས་གསུངས་པ་དང་། སྣང་བ་ཚང་མ་རང་འཛིན་ཤེས་པ་རང་ཉིད་སྣང་བསྡད་པ་ཅམ་ཞིག་མ་གཏོགས་མེད་པའི་རྒྱུ་མཚན་གྱིས་ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པ་འདིས་ལུགས་ལ་ཡུལ་དང་སེམས་གཉིས་ངོ་བོ་གཅིག་པ་ཡིན་སྙམ་མོ།