ཧི་བོན་ཟིན་བྲིས།
རང་ཤར་རང་གྲོལ།
སྤྱི་བསྒྲགས།

    འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད། 

ལི་ཐོ།
    <<  < 2021 - 10 >  >>
    1
    2345678
    9101112131415
    16171819202122
    23242526272829
    3031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་ཡིག་རྒྱུགས། | 2011/10/14 14:15:00
 
 
གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་ཡིག་རྒྱུགས།
གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭ་བ་རྣམས་ལ
་ལོ་ལྟར་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་གཏོང་གི་ཡོད། བྲིས་རྒྱུགས་ཉིན་གཅིག་རིང
་ཡིན་ལ་དེ་ཡང་གཙོ་བོ་འཛིན་གྲྭ་རང་རང་གི་གཞུང་ཁྲིད་དང་ཞོར་ལ་གཞུང་ཁྲིད་དེ་
དང་འབྲེལ་བ་ཡོད་པའི་གཞུང་མང་པོ་ཞིག་རྒྱུགས་ལེན་གྱི་ཡོད། སྤྱིར་དྲི་བ་བཅོ་ལྔ་ཡོད་ལ
་འགའ་ཞིག་བློ་རྒྱུགས་སྤྲད་དགོས་པ་དང་འགའ་ཞིག་གི་ནང་དོན་གང་ཡིན་འབྲི་དགོས
་པ་སོགས་མདོར་ན་བཤད་གྲྭ་བ་ཞིག་གི་ངོས་ནས་བཤད་ན་དུས་ཚོད་དེ་ངོ་མཚར་ཅན
་གྱི་དུས་ཚོད་བཟང་པོ་ཞིག་ཡིན།   རྩོད་རྒྱུགས་དགེ་རྒན་རྣམས་པའི་རྟགས་གསལ་བཅུ་
གཅིག་སྒྲིག་བཞག་ཡོད་པ་དེ་ཟླ་བ་གཅིག་གི་སྔོན་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད། རྩོད་
རྒྱུགས་ལེན་སྐབས་དུ་དམ་བཅའ་འཛིན་གྲྭ་མཐོ་ཤོས་དེ་དག་བཞུགས་ཀྱི་ཡོད། ཡུན་ཚད
་ཉིན་གྲངས་གསུམ་རིང་ཡིན།  འོན་ཀྱང་ད་ལོའི་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་ཀ་
གཞི་ནས་ལེན་དགོས་ཡོད་པ་དང་བྲིས་རྒྱུགས་ལེན་པ་ལ་ཉིན་གྲངས་བཅུ་གསུམ་མ་
གཏོགས་མེད།   ད་ལྟའི་ཆར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི
་སློབ་གཉེར་བ་རྣམས་ཀྱིས་ཚ་ཚ་འུར་འུར་བྱས་ནས་སློབ་སྦྱོང་བྱེད་ཀྱི་འདུག་ལ། དེ་དང་
ཕྱོགས་མཚུངས་གུས་པ་ཕྲན་གྱིས་ཀྱང་སློབ་སྦྱོང་རང་ནུས་ཅི་ཡོད་ཀྱིས་བྱེད་ཀྱི་ཡོད། 
འོན་ཀྱང་ང་ཚོའི་གཞུང་ཁྲིད་མ་རྒྱུད་སངས་རྒྱས་རྒྱུད་གསུམ་རེད། གུས་པ་ཕྲན་སྔར་
དང་མ་འདྲ་བའི་སྤྲགས་སྣང་ཞིག་འདུག རྒྱུ་མཚན་གང་ཡིན་ཞེ་ན། མ་རྒྱུད་འདི་རྒྱ་
ཆེ་བའི་དབང་གི་འགོ་ག་ནས་འཛིན་དགོས་པ་དང་ག་ནས་ལྟ་དགོས་ཤེས་ཀྱི་
མི་འདུག

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.