རྨོངས་དད་ཀྱི་ཆོས་ལུགས་རེད་ཟེར།
རང་གི་གྲུབ་མཐའི་ཆགས་སྔང་ཁོ་ནའི་དབང་།
གྲུབ་མཐའ་གཞན་ལ་ནམ་ཡང་སྨོད་ར་བྱས།
གཞུང་ལུགས་ཡོངས་རྫོགས་རིག་པས་གཏན་དབབ་ཀྱང་།
རྨོངས་དད་ཅན་རེད་ཟེར་ནས་ཀུན་ལ་བསྒྲགས།
ཐེག་པ་ཆེན་པོའི་གཞུང་ལུགས་རྒྱ་མཚོ་རྣམས།
དང་པོ་གང་ནས་དར་དང་མ་དར་དེ།
དཔྱད་པ་གནད་དུ་ཆུན་པ་བྱེད་དགོས་པ།
རང་ཅག་རྣམས་ཀྱིས་ཕྲག་ལ་བབ་པའི་འགན།
ཐེག་པ་ཆེན་པོའི་གཞུང་ལུགས་འདི་ཀ་དག
གང་ནས་བྱུང་མིན་བོད་རིག་ཞིབ་འཇུག་རྣམས།
དོགས་པ་སྐྱེ་བཞིན་ཡོད་པ་དཔྱས་པས་ཤེས།
རང་གི་སྙན་གྲགས་སོགས་ཆེད་གསང་བ་བྱས།
རྒྱལ་ཕྱི་ནང་གི་མཁས་པ་གྲགས་ཅན་དུ་མའི་རྒྱ་གར་ནས་ཤཱཀྱ་ཐུབ་པའི་ཆོས་
ལུགས་བོད་ལ་མ་དར་སྔོན་དུ་བོད་ཀྱི་བོན་པོའི་ཆོས་ལུགས་ནི་རྨོངས་དད་ཁོ་
ནའི་རང་བཞིན་ཅན་ཞིག་རེད་ཟེར་ནས་ས་ཆ་གང་སར་བསྒྲགས་ཀྱི་ཡོད་ནའང་།
རྒྱ་གར་ནས་ཤཱཀྱ་ཐུབ་པའི་ཆོས་ལུགས་མ་དར་སྔོན་གྱི་བོན་པོའི་གཞུང་ལུགས་
ཡོངས་རྫོགས་རྒྱུ་མཚན་ལྡན་པ་ཞིག་ཡིན་པ་ནི། ཕྱ་གཤེན་ཐེག་པའི་གཞུང་མོ་
རྩིས་གཏོ་དཔྱད་ནས་བཟུང་སྟེ་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་རྣམས་
ཀྱི་བར་དུ་བརྗོད་བྱ་རིག་པའི་ལམ་ནས་བཤད་ཀྱི་ཡོད་པ་ལས་རྒྱུ་མཚན་གང
་མེད་པ་བླུན་གཏམ་བཤད་ཀྱི་མེད་པ་མངོན་སུམ་ཚད་མའི་གྲུབ་སོང་། གཞུང་
ཆེན་འདི་དག་གི་ཚིག་ཙམ་ཐོས་པ་ཙམ་གྱི་སྐལ་ལྡན་གྱི་གང་ཟག་རྣམས་ལ་
དད་པ་ཁྱད་པར་ཅན་ཞིག་སྐྱེ་བཞིན་ཡོད་ན་ཡང་ ། བསོད་ནམས་དམན་པའི་གང
ཟག་རྣམས་ནི། དཔེར་ན་མདོ་ལས། ཉི་མའི་འོད་ཟེར་ཤར་ཡང་མུན
་པའི་ཁང་པ་ནག དེ་དང་འདྲ་བའི་སེམས་ཅན་དེ་རིགས་ལ། ངེས་ཚིག་བདེན་
པ་བཤད་ཀྱང་མི་ཉན་སྐུལ་བ་འདེབས། ཞེས་གསུང་པ་ནང་བཞིན་ཡིན་ལ། ལྷག
་པར་དུ་ང་ཚོས་ཤེས་དགོས་པ་ཞིག་ལ་རྒྱ་གར་འཕགས་པའི་ཡུལ་ཟེར་ནས་བོད
་པ་རྣམས་ཀྱིས་རེ་བ་བྱེད་ས་དང་གསོལ་བ་འདེབས་ས་ཞིག་ཡིནའང། རྒྱ་གར
་གྱི་ཡུལ་ནི་ཆེས་ཕྱི་རོལ་བ་མང་སའི་གནས་ཞིག་དང་རྒྱལ་གར་གྱི་མི་རྣམས
་ཀྱང་ཧ་ཅང་གདུག་རྩུབ་ཅན་ཞིག་ཡིན་པ་ནི་དེང་སང་ཀུན་གྱིས་མཐོང་དུ
་ཡུལ་གྱུར། བོད་རང་ནས་དར་བའི་ཆོས་ལུགས་དེ་རང་གི་གྲུབ་མཐའི་ཆགས་
སྡང་དབང་གི་ཕྱི་རོལ་བ་ལ་འབྲེལ་བ་ཡོད་ཁུལ་དངོས་ཤུགས་བརྒྱུད་གསུམ་
ནས་བསྒྲགས་ཀྱི་ཡོད་ན་ཡང་། དོན་ངོ་མ་ང་ཚོ་ཁ་བདེ་མིན་དང་དཔལ་འབྱོར་
ཡོད་མེད་དང་མི་འབོར་མང་ཉུང་སོགས་ཀྱི་དབང་ཡོད་དབང་མེད་ཁོ་ན་བྱས
་པ་ཞིག་ལས་ཕྱི་རོལ་བ་ལ་འབྲེལ་བ་སུ་ལ་འདུག་ང་ཚོ་རྒྱ་གར་ཡུལ་ལ་སླེབ་དུས
་གཞི་ནས་རྫུན་གཏམ་དེ་ཚོ་ཁ་ཕྱོགས་གང་དུ་འགྲོ་རྒྱུ་ཡིན་མིན་ཤེས་སོང་། ད་
དུང་ང་ཚོའི་བསམ་དགོས་པ་ཞིག་ལ་ཐེག་པ་ཆེན་པོའི་གཞུང་འདི་དག་གང
ནས་བྱུང་ཡོད་མེད་ལ་ང་ཚོས་ངེས་པར་དུ་ཞིབ་འཇུག་གནད་དུ་ཆུན་པ་ཞིག་བྱེད
དགོས་ཀྱི་འདུག བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་འདི་དག་བོད་རང་ནས
་དར་བ་ཞིག་ཡིན་པ་དང་ཁུངས་བོན་པོ་ལ་ཐུག་གི་ཡོད་པ་དེང་དུས་གྲུབ་མཐའི་
ཆགས་སྡང་གི་སྨྱོས་ཆུ་མ་འཐུང་མཁན་མང་པོ་ཞིག་གི་བཤད་ཀྱི་འདུག དཔེར་ན་
གྲགས་ཅན་མཁས་དབང་ནམ་མཁའི་ནོར་བུ་བཞིན་བློ་གཟུ་བོར་གནས་པའི་མཁས
་དབང་མང་པོ་ཞིག་གི་རྣམ་དཔྱོད་ལ་བརྟེན་ནས་བོན་པོའི་ཆོས་ལུགས་འདི་རྒྱུ་
མཚན་ལྡན་པ་ཞིག་ཡིན་པ་གསལ་རུ་འགྲོ་བཞིན་ཡོད་པའི་དུས་སྐབས་འདིར
་ང་ཚོ་བོན་པོ་རྣམས་སྣང་བ་སྐྱིད་པོ་རེ་བཤད་ནས་ཆོས་ལུགས་ཀྱི་ཁུངས་ང་ཚོ
་ལ་ཐུག་ཡོད་ཟེར་ནས་འདུག་པའི་དུས་བས་ཤིགགཏན་ནས་མ་རེད།༧སྐྱབས་རྗེ
་མཁན་སློབ་རྣམ་གཉིས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་ཕྱི་ལོག་
ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཅུང་ཙམ་དར་བཞིན་ཡོད་པ་ནི། ལོ་རྒྱུས་
བཤད་ན་བཤད་མཐའ་བྲལ་ཞིང་རིན་སྤྱིར་པོ་ཆེ་རྣམས་པ་གཉིས་དང་པོ་ཐོག
་མར་མིའི་ལུང་པར་ཕེབས་དུས་ས་དང་གནམ་མ་གཏོགས་ངོ་ཤེས་མེད་ན་ཡང
་ཆ་མེད་ཀྱི་ཡུལ་ནས་རང་གི་འཚོ་གོས་འདང་ལ་མ་འདང་བའི་སྐབས་སུ་ཡང་
བསྟན་པ་འདི་ལ་དགོངས་ནས་དཀའ་བ་བརྒྱ་ཕྲག་དུ་མ་དང་དུ་བླང་བས་བཀའ་
དྲིན་ལ་བརྟེན་ནས་ད་ལྟ་བསྟན་པ་ཅུང་ཙམ་དར་འགོ་ཚུག་པ་ཞིག་ཡིན། དེ་དུས
་བོན་པོ་ཡིན་ཀྱང་ང་བོན་པོ་མིན་ཟེར་ནས་སྦས་གསང་བྱེད་པའི་གནས་སྐབས་
ཤིག་ཅིང་བྱུང་པ་རེད། རིན་པོ་ཆེ་རྣམས་པ་གཉིས་ལ་གཡུང་དྲུང་བོན་གྱི་བསྟན་པ
་འདི་ཡི་དོན་དུ་སྐབས་དེ་དུས་སྐུ་ངལ་ཅི་ཙམ་བྱུང་ཡོད་མེད་ལ་བསམ་གཞིགས་
བྱས་་ཚེ་ངོ་ནས་སེམས་སྐྱོ་དགོས་པ་ཞིག་རེད་འདུག མདོར་བསྡུས་ན་ང་ཚོ་
བོན་པོ་རྣམས་རང་རང་གི་རྒྱུ་མཚན་ཕྲན་བུ་རེ་སེམས་ལ་བཟུང་ནས་ང་དང་
ཁྱོད་ཁྱོས་དགོན་པ་དང་ངེས་དགོན་པ་ངས་དགོན་པ་འདི་བཟང་བ་དང་
ཁྱོད་ཀྱི་དགོན་པ་འདི་དེ་ཙམ་ཡིན་པ་སོགས་མཐའ་ན་འདུག་ས་ཡང་ཁྱོད་
ངས་འོག་ལ་སྡོད་ཟེར་བ་ལྟ་བུའི་བསམ་བློ་རྣམས་སྤངས་ནས་རྒྱལ་བ་གཤེན་
རབ་ཀྱི་བསྟན་པ་འདི་ལ་ཕྱོགས་གང་ཐད་ནས་བསམ་བློ་གཟུ་བོར་གནས
་པ་ཞིག་དང་ལྷག་པར་ཁྱོ་གསར་མ་ང་རྙིང་མ་ཟེར་བའི་ཐ་ཤར་བའི་བསམ
་བློ་དག་སྤང་ནས་རང་ཅག་ཚང་མ་སྟོན་པ་གཤེན་རབ་ཀྱི་རྗེས་འཛིན་ཡིན་པ
་གཅིག་གྱུར་དུ་བསམ་བློ་བཏང་ནས་ཚང་མའི་མཐུན་སྒྲིལ་རྡོག་རྩ་གཅིག
་སྒྲིལ་བྱེད་དགོས་པ་དེ་ནི་གལ་ནང་གི་དོན་ཆེན་ཞིག་མཐོང་གི་འདུག
དགོས་པའི་ཚིག་རེ་ཡོད་ན་སེམས་ལ་ཉར་རོགས་བྱོས།
དོན་མེད་བསམ་ན་གད་སྙིགས་ཁྲོད་ལ་གཡུག་པར་མཛོད།
འདི་ལ་སྙན་ངག་མཁན་པོའི་ཚིག་གིས་མ་བཏུམ་ཞིང་།
རང་གི་སེམས་ལ་ཇི་ཤར་ཤོག་དཀར་ཐོག་ཏུ་བྲིས།
- ཟིན་ཐོ་གོང་མ།དཔྱོད་ལྡན་མཁས་པ་རྣམས་ལ་དོགས་འདྲི།
- ཟིན་ཐོ་འོག་མ།གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་ཡིག་རྒྱུགས།