དཔྱོད་ལྡན་མཁས་པ་རྣམས་ལ་དོགས་འདྲི།
ཡོངས་འཛིན་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ།
གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དེ་ལ་རོལ་བ་སྐྱེ་མཆེད་ལྟར་སྣང་བ་དང་། མཚན་མ་ཀུན་བྲལ་ཅིར་མི་སྣང་བ་གཉིས་ཐེག་འགྲེལ་ལ་གསུང
་པ་དང་། མཚན་མ་ཀུན་བྲལ་ཅིར་མི་སྣང་བ་ལ། མཚན་མ་ཀུན་འགེགས་དང་། མཚན་མ་ཤུགས་སྣང་གཉིས་གསུང་། སྣང་བ་བོན་ཅན་དུ་བཞག
་ནས་སྣང་བ་འགེགས་པ་མ་མཐུན་པའི་ཆ་ནས། སྐྱེ་མཆེད་དང་ཅིར་མི་
གནས་གཉིས་ཀྱི་ཁྱད་པར་ཐེག་འགྲེལ་ལས་བཞེད་དོ། སྣང་བ་བོན་ཅན་དུ་བཞག་ནས་སྣང་བ་འགེགས་པ་མ་མཐུན་ཞེས་པའི་དོན་ནི། ཁྱད་
གཞི་ཀ་བ་ལྟ་བུའི་སྣང་སྟོང་གཉིས་སུ་ཕྱེས་པའི་སྣང་བ་ཞིག་གི་སྟེང་
དུ་བདེན་མེད་གཏན་ལ་འབེབས་པའི་སྐབས་སུ་རིག་ཤེས་དེ་ཡི་ངོར་ཁྱད་གཞི་ཀ་ལྟ་བུའི་སྣང་བ་དེ་འགག་མ་འགག་ལ་ལྟ་དགོས་པ་ལས་ཚུལ་གཞན་མེད་སྙམ། རོལ་བ་སྐྱེ་མཆེད་པའི་ལུགས་ལ་ཡོངས་གཅོད་བྱེད་ཅེས་པའི་དོན་ཡང་སྣང་བའི་སྟེང་དུ་བདེན་མེད་རྟོགས་པའི་རིག་ཤེས་དེ་ཡི་ངོར་སྣང་བ་མ་འགག་པ་སྣང་བ་དེ་རིག་ཤེས་དེའི་རྟོགས་པའི་རྒྱུ་མཚན་ཡིན་པར་བསམ་མོ། མཚན་མ་འགེགས་པའི་ལུགས་ལ་སྣང་བའི་སྟེང་དུ་བདེན་མེད་རྟོགས་པའི་རིག་ཤེས་དེ་ཡི་ངོར་སྣང་བ་ཉིད་ཀྱང་བརླག་འགྲོ་བ་ལས་ལྷག་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་པའི་རྒྱུ་
མཚན་ལ་བརྟེན་ནས་མཚན་མ་འགེགས་པ་ཞེས་བརྗོད་དགོས་པར་སྣང་ངོ་། འོན་ཀྱང་མཚན་ཤུགས་སྣང་ཞེས་པ་འདི་རང་གི་བློ་ངོར་འདི་དང་འདི་ལྟ་བུ་ཡིན་པ་ཤིན་ཏུ་འཆར་བར་དཀའ་ཞིང་། གཞུང་ལས་མཚན་མ་ཤུགས་སྣང་ཞེས་པ་འདི་མཚན་མ་ཀུན་བྲལ་ཅིར་མི་སྣང་བའི་ཁོངས་སུ་བསྡུས་ཤིང་། རིག་པའི་བསམ་ན་རོལ་བ་སྐྱེ་མཆེད་ལྟར་སྣང་བའི་
ཁོངས་སུ་འདུས་པར་སྣང་སྟེ། སྣང་བ་བོན་ཅན་དུ་བཞག་ནས་སྣང་བ་
འགེགས་པ་གཅིག་མཐུན་ཏུ་གྱུར་ཞིང་།གཡུང་དྲུང་སེམས་དཔའ་ཡིན
་པ་ཡང་གཅིག་མཐུན་དུ་གྱུར་བའི་ཕྱིར། དེས་ན་དཔྱོད་ལྡན་མཁས་པ་
རྣམས་ཀྱིས་མཚན་མ་ཤུགས་སྣང་ཞེས་པའི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དེ། དོན་དངོས་ཐོག་སྐྱེ་མཆེད་ཅིར་སྣང་གཉིས་གང་དུ་
འདུས་མི་འདུས་སྐོར་ལ་ལན་ཡང་དག་པ་ཞིག་ཡོང་བའི་རེ་སྐུལ་ཡིན།
མདོར་བསྡུས་ན་རོལ་བ་སྐྱེ་མཆེད་ལྟར་སྣང་བའི་མཐར་ཐུག་གི་
རིག་ངོར་སྣང་བ་མ་གྲུབ་ན། དེ་བཞིན་དུ་ལས་འབྲས་དང་ཐར་
འཁོར་སོགས་ཀྱི་རྣམ་བཞག་རི་བོང་ར་ཡི་གཉེར་མ་བགྲང་བ་ནང་བཞིན་ཆད་ལྟ་འགྱུར་བར་དོགས་ནས་ཡོངས་གཅོད་བྱེད་པ་དང་
འདོད་པ་དང་མཚན་མ་འགེགས་པའི་ལུགས་ལ་རིག་ངོར་གང་ཡང་མ་གྲུབ་ཀྱང་། ལས་འབྲས་དང་ཐར་འཁོར་སོགས་གཞན་ངོར་འཇོག་པར་སྣང་ངོ་།དེས་ན་དཔྱོད་མཁས་པ་རྣམས་ཀྱིས་མཚན་མ་ཤུགས་སྣང་ཞེས་པའི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དེ་ཡི་ངོ་བོ་དང་། དེ་བཞིན་མཚན་མ་ཤུགས་སྣང་ཞེས་པ་དེ་སྐྱེ་མཆེད་དང་ཅིར་མི་གནས་གང་ཡིན་སྐོར་ལ་དོགས་བསལ་གྱི་ལན་ཡང་དག་ཞིག་གནང་སྐྱོང་ཡོང་བའི་རེ་བ་དང་བཅས་ཏེ་ཕུལ།
- ཟིན་ཐོ་གོང་མ།མིག་གཅིག་མ་གཏོགས་མེད།
- ཟིན་ཐོ་འོག་མ།རྨོངས་དད་ཀྱི་ཆོས་ལུགས་རེད་ཟེར།
གྲོགས་པོ་འདི་དང་འདི་ལྟ་བུའི་སྐོར་ལ་བགྲོ་གླེང་བཤད་རྩོམ་འབྲི་དགོས་པ་ལས་ཁྱོད་མཛེས་ང་མཛེས་དེ་ཚོས་ཕན་ཐོག་ཆེན་པོ་མེད་ཡ། ཕ་བཟང་བུ་ཡིན་ན་ལན་ཞིག་བྲིས་དང་། འཁྱར་གཏམ་བཤད་ནས་ཕན་ཐོག་མེད།