འབད་པ་མཚམས་མི་འཇོག མདུན་བསྐྱོད་རྒྱུན་འཁྱོངས་བྱེད། སེམས་སྟོབས་རི་རབ་ཙམ་ཞིག་བསྐྱེད།
- མཚན་ལྡན་བླ་མའི་བཀའ
- སྨྱོ་གཏམ་ནང་གི་དྲང
- རྫོགས་པ་ཆེན་པོའི་ག
- ཚད་མའི་རིག་སྒྲ།
- དུས་རབས་ཉེར་གཅིག་པ
- ༧ཡོངས་འཛིན་བླ་མའི་
- ནང་ཆོས་བོད་ལ་དར་བའ
- ཐེག་ཆེན་མཐོང་ལམ་སྐ
- སློབ་སྦྱོང་ལ་བར་ཆད
- སངས་རྒྱས་གཤེན་རབ་མ
- སྲོང་བཙན་གོང་དུ་བོ
- འཇིག་རྟེན་འདི་ནས་ཚ
- རྨེའུ་མཁས་པ་དཔལ་ཆེ
- ༧སྐྱབས་རྗེ་རྣམ་གཉི
- ལྷ་མི་གཞན་བརྟེན་གྱ
- ཁ་དོན་མི་མཚུངས་པས་
- ངའི་སེམས་ཀྱི་བརྩེ་
- རང་གི་ཕ་མྱེས་ཀྱི་ཆ
- ཁྱོད་ཀྱིས་འདོད་པ་ང
- སེམས་ཀྱི་སྙིང་གཏམ་
རྣམ་དཔྱོད་ངོམས། མདུན་བསྐྱོད་བྱེད། སེམས་ཤུགས་བསྐྱེད།
ཐེག་པ་དམན་པ་རྣམ་རྩོད་སྡེ་གཉིས་དང་།
རང་རྟོགས་ལུགས་ཀྱི་གང་ཟག་བདག་མེད་ཅེས།
ངག་ནས་མ་ཏྲི་བཞིན་དུ་བགྲངས་ན་ཡང་།
རྟོགས་རྒྱུ་ལྟ་ཞོག་འཇོག་ཚུལ་ཙམ་ཞིག་ཀྱང་།
མ་ཤེས་མི་ལོ་ཧྲིལ་བོ་བཅུ་གསུམ་ཕྱིན།
འོན་ཀྱང་རགས་པ་ཙམ་ཞིག་དཔྱད་བྱས་ཏེ།
དགའ་བཞིན་སྤྲོ་བཞིན་ཅུང་ཙམ་གླེང་བར་འདོད།
གང་ཟག་བདག་མེད་གང་ཟག་ལ་སྤྱར་ན།
གང་ཟག་གང་ཞིག་ཕུང་པོ་བཞི་འམ་ལྔར།
མ་བརྟེན་གང་ཟག་འདི་ཞེས་གྲུབ་ཡོད་ན།
གང་ཟག་བདག་ཅེས་གྲུབ་ཚུལ་ཡིན་པར་སྙམ།
དེ་ཡིས་སྟོང་པ་གང་ཟག་བདག་མེད་འཇོག
འོན་ཀྱང་ཕྱི་ཡུལ་ཀ་བ་ལ་སྤྱར་ན།
ཀ་བ་རང་གི་ཆ་ཤས་ཐམས་ཅད་ལ།
རང་གི་ངོ་བོ་མ་བརྟེན་གྲུབ་ཡོད་ན།
ཀ་བའི་སྟེང་གི་གང་ཟག་བདག་ཡིན་སྙམ།
དེ་ཡིས་སྟོང་པ་ཀ་བའི་བདག་མེད་འཇོག
རགས་པ་ཀུན་རྫོབ་ལྟ་བའི་རྒྱུ་མཚན་གྱིས།
གང་ཟག་བདག་མེད་འདོད་པ་རྗེ་ཡིས་གསུངས།
འོན་ཀྱང་ཐེག་དམན་རྣམ་རྩོད་སྡེ་གཉིས་ཀྱིས།
འདོད་པའི་ཕྲ་བ་ཟབ་མོ་ཞེས་པ་དང་།
མཐའ་གསུམ་དོན་དམ་ཞེས་པའི་ཆ་མེད་དག
གང་ཟག་བདག་མེད་ཡིན་པར་འདོད་དགོས་ཀྱང་།
འདོད་ཚུལ་ཇི་བཞིན་མ་ཤེས་འཕྱང་མོ་ཉུག
ཆ་མེད་ཅེས་པའི་དངོས་པོ་འཇོག་ཚུལ་དེ།
ཆ་ཤས་སོ་སོར་བསལ་བའི་འོག་ཏུ་ཡང་།
རང་འཛིན་ཤེས་པ་འདོར་དུ་མི་རུང་བར།
གནས་པ་དེ་ལ་ཆ་མེད་ཡིན་ཞེས་སྨྲ།
དངོས་པོ་དེ་ཉིད་ཆ་ཤས་གང་ལ་ཡང་།
མ་བརྟེན་གྲུབ་པ་རྣམ་རྩོད་གྲུབ་མཐའི་ལུགས
ཆ་མེད་གང་ཟག་བདག་མེད་འཇོག་ཚུལ་དེ།
ཤེས་མཁན་རྣམས་ཀྱིས་བདག་ལ་བསླབ་ཏུ་གསོལ།
ཅི་ཡང་མི་ཤེས་བླུན་པོ་མགོ་འཐོམ་ངས།
རང་ཤག་ཁང་མིག་གྲུ་བཞིའི་ནང་ནས་བྲིས༑
སྤྱི་ལོ། ༢༠༡༡།༥།༡༩།ཉིན། བསྟན་པ་དར་རྒྱས་ནས།
- ཟིན་ཐོ་གོང་མ།གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་སྐོར་ལ་ཅུང་ཙམ་དཔྱད་པ།
- ཟིན་ཐོ་འོག་མ།དགའ་སྟོན་གཡང་འབོད།