ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་སྐོར་ལ་ཅུང་ཙམ་དཔྱད་པ།  | 2011/5/16 15:07:00

 

 

སྤྱིར་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བ་བློ་ལས་འདས་པ་ཞིག་བཞེད་ཀྱི་ཡོད་པ་ཕྱིས་འབྱུང་གི་མཁས་པ་གཅིག་གཉིས་ཙམ་མ་གཏོགས་རང་གཞུང་བཀའ་དང་བཀའ་རྟེན་ཕར་ཆེར་གྱི་དགོངས་བཞེད་གཅིག་མཐུན་ཡིན་ཞེས་སྨྲས་ན་མི་

འགྲིག་པ་ཆེར་མེད་སྙམ། འོན་ཀྱང་འགའ་ཞིག་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བ་བློ་འདས་ཡིན་གསུང་གི་ཡོད་པ་རྒྱུ་མཚན་དུ་བཟུང་ནས་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་བློ་འདས་ཞེས་པ་དེ་དང་ཐེག་ཆེན་གསང་སྔགས་ཀྱི་ལུགས་ཀྱི་བློ་འདས་ཞེས་པ་རྣམས་དོན་གཅིག་གསུང་མཁན་མང་དག་ཅིག་འདུག་པ་དང་། ཡང་འགའ་ཞིག་གིས་རང་ལུགས་ཀྱི་གཡུང་དྲུང་སེམས་དཔའི་ལྟ་བ་མེད་དགག་རྣམ་ཅན་ཁོ་ན་ཡིན་ཞེས་

སྨྲ་མཁན་དུ་མ་ཡོད་ནའང་། དེ་གཉིས་ཀ་རང

ལུགས་ཀྱི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བ་ཡིན་པར་འདོད་ན། ཅུང་ཙམ་མི་འཐད་པར་སྙམ་སྟེ།  དང་པོ་སྤྱིར་རང་གཞུང་ཚད་ལྡན

་དུ་མ་ནས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལ་བློ་འདས་བཞེད་པ་ཡོད་ཀྱང་སྟོང་པའི་སྟོང་པ་འཇལ་བའི་ངང་ཚུལ་ཅན་དེ་བཤད་ཀྱི་མེད་པ་ནི། གཡུང་དྲུང་སེམས་དཔའ་སྤྲོས

་མེད་པའི་ལུགས་ཀྱི་བློ་འདས་དེ་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་བློ་འདས་དེ་དང་ཐེག་ཆེན་གསང་སྔགས་ལུགས་ཀྱི་བློ་འདས་ཞེས་པ་དེ་གཉིས་དང་མི་འདྲ་བར་མཚོན་ཐུབ། སྔགས་དང་རྫོགས་ཆེན་གྱི་ཚིག་རེ་གཉིས་རེ་ཡོད་པ་ཙམ་གྱིས་མི་འགྲིག་པར་གཞུང་གི་བབས་ལ་བརྟག་ན། གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་སྟོང་པའི་སྟོང་པ་འཇལ་བའི་ངང་ཚུལ་ཅན་ཞིག་མི་འདོད་དེ།  ཁྲོ་བོ་རྒྱུད་དྲུག་ལས། དངོས་པོ་དབུ་མ་སོགས་པ་ཡི། ཐེག་པ་ཆེན་པོ་གསང་སྔགས་ལ། ལྟོས་པའི་བློ་དམན་རྟག་ཆད་ཀྱི། མཐའ་བསལ་བ་ནི་འདི་ཉིད་ཀྱི། དེ་བཞིན་ཉིད་ནི་མི་མཐོང་སྟེ། གདོད་ནས་སྟོང་པས་ཐ་སྙད་བྲལ། སྤྲོས་བྲལ་ཙམ་དུ་ཡང་འདོད་མ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས

གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ཀྱི་བློ་འདས་ཞེས་པ་དེ་ཐེག་པ་གོང་མ་སྔགས་དང་རྫོགས་ཆེན་སོགས་དང་མི་འདྲ་བའི་ཁྱད་བོན་དུ་མ་ཡོད། གཉིས་པ་རང་ལུགས་ཀྱི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བ་མེད་དགག་རྣམ་

ཅན་འདོད་མི་འདོད་རང་གཞུང་བཀའ་དང་བཀའ་རྟེན་དག་ལ་ཞིབ་ཕྲ་གཟིགས་ན་ལེགས་པར་རྟོགས་ངེས། འོ་ན་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ཀྱི་བློ་འདས་ཞེས་པ་དེ་འཇོག་ཚུལ་ཇི་ལྟར་ཡིན་སྙམ་ན། བློ་རྣམ་རྟོག་གི་ཡུལ་དུ་མ་གྱུར་བའི་ཆ་ནས་བློ་འདས་ཞེས་བརྗོད་ཀྱི་ཡོད་དེ། འགྲོ་མགོན་ཚད་མ་ཀུན་འདུས་ལས། སྤྲོས་མེད་དོན་དམ་ཤེས་བྱ་མ་ཡིནཔར་འགྱུར་ཞེ་ན་འདོད་དེ། བློ་འདས་ཡིན་པའི་ཕྱིར། དེ་ལྟར་ན་རྣམ་འབྱོར་མངོན་སུམ་གྱིས་གཞལ་བྱ་མ་ཡིན་པར་

ཐལ་ཞེ་ན། རྣམ་འབྱོར་མངོན་སུམ་གྱིས་གཞལ་བྱ་ཡིན་ཀྱང་ཤེས་བྱ་མ་ཡིན་ཏེ་ཡུལ་དང་ཡུལ་ཅན་དབྱིངས་ཤེས་དབྱེར་མེད་དུ་གཟིགས་པའི་ཕྱིར་རོ།སེམས་དཔའ་སྤྲོས་མེད་པའི་ལུགས་ཀྱི་གནས་ལུགས་དེ་བློ་ཡི་ཡུལ་ཡིན་ན། གང་ཞིག་རྟོག་པའི་ཡུལ་དང་ཡུལ་ཅན་དུ་བྱས་ནས་འཛིན་

རྒྱུ་ཡོད་དགོསཔ་ལས། དེ་མེད་པའི་ཕྱིར། ཐེག་ཆེན་མཐོང་ལམ་མཉམ་བཞག་ལམ་ཡེ་ཤེས་ལམ་ཡིན་ལ། ཤེས་པའང་ཡིན་ཏེ། རྗེ་རིན་པོ་ཆེའི་ས་ལམ་ལས། ཐེན་ཆེན་གྱི་མཐོང་བོན་ཅན། སྐད་ཅིག་གཅིག་ལས་སྐྱེ་བ་ཡིན་ཏེ། རྒྱུ་བོན་མཆོག་ཆེན་པོའི་དེ་མ་ཐག་རྐྱེན་ལས་སྐྱེས་པའི་མངོན་

སུམ་ཚད་མ་ཡིན་པའི་ཕྱིར། ཞེས་གསུངས་སོ། གནས་ལུགས་རྣམ་རྟོག་གི་ཡུལ་དུ་མ་གྱུར་ཞིང་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱི་མངོན་སུམ་སུ་གཟིག་པའོ། འགའ་ཞིག་གིས་བློ་འདས་ཕྱེད་ཀ་འདོད་ཀྱི་འདུག་ཟེར་ནས་སྐད་གསང་མཐོན་པོའི་ཐོག་ནས་སྐྱོན་བརྗོད་བྱེད་མཁན་ཁ་ཤས་ཡོད་ནའང་མེད་དགག་རྣམ་ཅན་ཁོ་ན་འདོད་པ་ལས་

བློ་འདས་ཕྱེད་ཙམ་ཞིག་འདོད་ཐུབ་ནའང་སྔགས་དང་རྫོགས་ཆེན་གྱི་ལྟ་བ་ལ་ཉེ་རུ་འགྲོ་བ་དང་ཕན་ཐོག་རྒྱ་ཆེན་པོ་ཡོད། བཀྲ་ཤིས་བདེ་ལེགས། བསྟན་པ་དར་རྒྱས་ནས། ༢༠༡༡།༥།༡༦།

ཉིན་རང་ཤག་ཏུ་བྲིས།

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.