ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་འདེམས་པའི་བརྡ་སྦྱོར། 
[ 2011/6/24 12:53:00 | By: ཁྲི་བསོད་བསྟན། ]
 

དེ་ཡང་གཡུང་དྲུང་སྤུན་གྲོགས་དག་གི་བློའི་མོས་འདུན་དང་འཚམས་པར་བསམ་བློའི་འཆར་སྒོ་ལྷུག་པར་གྲོལ་སའི་སྟེགས་བུ་སྟེ་༼ཧི་བོན་ཟིན་བྲིས༽སྒོ་འབྱེད་བྱས་ནས་ཟླ་གཉིས་ལྷག་འགོར་ལ་ཉེ་བའི་སྐབས་དང་བསྟུན་ནས་ཟིན་བྲིས་མཁན་པོ་གཅིག་དང་ཁྱུ་མཆོག་ཟིན་བྲིས་ཁ་ཤས་འདེམས་རྒྱུ་ཡིན།

༡༽ ཟིན་བྲིས་མཁན་པོར་འདེམས་པ་ལ་ཚང་དགོས་པའི་ཆ་རྐྱེན་ནི།  རྩོམ་ཡིག་སྤེལ་གྲངས་དང་ཀློག་གྲངས་མང་ཉུང་ལས་བདམས་རྒྱུ་དང་ཟིན་ཐོ་ལེགས་ཤོས་ཀྱི་གྲས་ལས་རྩོམ་ཡིག་བཅུ་ཡས་མས་ལོང་དགོས།  ཟིན་བྲིས་མཁན་པོ་ཟླ་རེར་ཐེངས་གཅིག་རེ་འདེམས་རྒྱུ།  ཟིན་བྲིས་མཁན་པོར་རེ་ཞུ་བྱེད་འདོད་པ་དག་གིས་མི་སྒེར་ཟིན་བྲིས་ལས་མི་སུ་ཡིན་གྱིས་ཐོ་འགོད་དང་ནང་འཇུག་བྱས་མཐར་དོ་དམ་པས་བདམས་རྒྱུ་ཡིན། ཟིན་བྲིས་མཁན་པོར་ཡར་ཞུའམ་མིང་ཐོ་འགོད་སྟངས་གཤམ་གསལ།

༢༽ ཁྱུ་མཆོག་ཟིན་བྲིས་འདེམས་པའི་ཆ་རྐྱེན་ནི།  ཟིན་བྲིས་ལེགས་ཤོས་ལས་བདམས་རྒྱུ་དང་རྩོམ་ཡིག་སྤེལ་ཀློག་མང་བ།  རྩོམ་ཡིག་གི་སྤུས་ལེགས་མིན་སོགས་ལ་དཔྱད་མཐར་དྲ་ངོས་ལས་ཡུན་རིང་བོར་འཆར་ཐུབ་པ་བྱ་རྒྱུ་ཡིན།

༤༽  ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་ཟིན་བྲིས་གཉིས་ཀྱི་གྲས་སུ་བདམས་ཐོན་བྱུང་རྗེས་ཟིན་བྲིས་མཁན་ལ་བརྡ་ལན་སྤྲད་ངེས་ཡིན།  ཕྱིས་སུ་ངེད་དོ་དམ་མི་སྣར་མི་སྒེར་གྱི་འདྲ་པར་འཕྲོད་ཅི་ཐུབ་བྱེད་རོགས་ཞུ་རྒྱུ་དང་ཟིན་བྲིས་འཇུག་པ་པོ་ཀུན་གྱིས་མི་སྒེར་གྱི་ཟིན་བྲིས་ལ་གཅེས་སྤྲས་གང་ལེགས་ཀྱིས་རྩོམ་ཡིག་མང་ཙམ་སྤེལ་བའི་རེ་སྨོན་དང་ཟིན་བྲིས་དོ་དམ་ཐད་དཀའ་གནད་ལ་འཕྲད་ཚེ་ཤེས་མཁན་དག་གིས་རོགས་འདེགས་སློབ་སྟོན་གནང་རྒྱུའི་རེ་འདུན་སྙིང་ནས་ཞུ།

 
 
Re:ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་འདེམས་པའི་བརྡ་སྦྱོར།
[ 2011/11/22 19:42:42 | By: སྐུ་མགྲོན་IMDp26(སྐུ་མགྲོན) ]
 
སྐུ་མགྲོན་IMDp26(སྐུ་མགྲོན)བཀྲ་ཤིས་བདེ་ལེགས།།
 
 
Re:ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་འདེམས་པའི་བརྡ་སྦྱོར།
[ 2011/10/16 14:41:45 | By: སྐུ་མགྲོན་138Lcp(སྐུ་མགྲོན) ]
 
སྐུ་མགྲོན་138Lcp(སྐུ་མགྲོན)བདེ་མོ་ཡིན་ནམ
 
 
Re:ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་འདེམས་པའི་བརྡ་སྦྱོར།
[ 2011/8/15 15:00:01 | By: སྐུ་མགྲོན་0gv3AM(སྐུ་མགྲོན) ]
 
སྐུ་མགྲོན་0gv3AM(སྐུ་མགྲོན)ཁྱུ་མཆོག་ཕྱེ་ཁ་ནམ་ཞིག་འདེམས་རྒྱུ་རེད།
 
 
Re:ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་འདེམས་པའི་བརྡ་སྦྱོར།
[ 2011/6/30 23:34:45 | By: danile202 ]
 
danile202འོ་ཡ། དྲ་བདག་མཆོག་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ཟུང་ནས་སྐུ་ཚེགས་ཆེ་ཙམ་མྱངས་སོང་། ཀུན་གྱིས་རྒྱབ་སྐྱོར་གང་ལེགས་ཡོང་བའི་རེ་བ་ཡོད།
 
 
Re:ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་འདེམས་པའི་བརྡ་སྦྱོར།
[ 2011/6/30 17:50:51 | By: སྐུ་མགྲོན་230Ne6(སྐུ་མགྲོན) ]
 
སྐུ་མགྲོན་230Ne6(སྐུ་མགྲོན)རེད། ཟིན་བྲིས་ལེགས་ཤོས་ཞེས་པ་དགའ་བསུ་ཐོབ་པའི་ཟིན་བྲིས་ལ་གོ་དགོས།
 
 
Re:ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་འདེམས་པའི་བརྡ་སྦྱོར།
[ 2011/6/30 14:20:27 | By: སྐུ་མགྲོན་rw4Yqd(སྐུ་མགྲོན) ]
 
སྐུ་མགྲོན་rw4Yqd(སྐུ་མགྲོན)ཟིན་བྲིས་ལེགས་ཤོས་ཟེར་བ་དེ་དགའ་བསུ་ཐོབ་པའི་ཟིན་བྲིས་ཡིན་ནམ། ཡང་ན་དེ་ལས་གཞན་ཞིག་རེད། ལན་གསལ་འདེབ་མཛད་པར་མཁྱེན།
 
 
Re:ཟིན་བྲིས་ཁྱུ་མཆོག་དང་མཁན་པོ་བསྡུ་བའི་བརྡ་ཐོ།
[ 2011/6/24 15:58:54 | By: tibetmonk ]
 
tibetmonkརྒྱ་ཆེ་བའི་ཧི་བོན་ཟིན་བྲིས་པ་དག་གིས་གོང་གི་ཆ་རྐྱེན་ལྟར་ཁྱུ་མཆོག་ཟིན་བྲིས་དང་ཟིན་བྲིས་མཁན་པོར་བཞུགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་དོ། །
 
 
Re:ཟིན་བྲིས་ཁྱུ་མཆོག་དང་མཁན་པོ་བསྡུ་བའི་བརྡ་ཐོ།
[ 2011/6/24 14:20:59 | By: danzengyixi ]
 
danzengyixi

རང་གཞན་སུ་ཡིན་རུང་ཟིན་བྲིས་མཁན་པོ་དང་ཁྱུ་མཆོག་ཟིན་བྲིས་གདམས་ཐོན་བྱུང་བ་དག་གིས་གཙོར་བྱས་ཏེ་ཟིན་བྲིས་པ་ཚང་མས་རང་ཉིད་ཀྱི་ཟིན་བྲིས་མང་ཙམ་སྤེལ་བ་དང་གཞན་གྱིས་སྤེལ་ཡོང་བ་རྣམས་མི་འདང་བའི་ས་ཐད་ཀར་སྐྱོན་བརྗོད་དང་བཀའ་སློབ་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་རེད་འདུག་སྙམ།
མཐར་དྲྭ་ཚིགས་འདི་གོང་ནས་གོང་དུ་འཕེལ་བའི་སྨོན་མདུན་ལན་བརྒྱར་ཞུའོ། །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.