ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ལྷ་མི་དགྱེས་པའི་རྟོགས་བརྗོད་ཚེ་དཔག་མེད། 
[ 2015/4/8 14:44:00 | By: ཁྲི་བསོད་བསྟན། ]
 

         ལྷ་མི་དགྱེས་པའི་རྟོགས་བརྗོད་ཚེ་དཔག་མེད།

 

       བསྟན་འཛིན་གྱི་སྐྱེས་བུ་དམ་པ༧གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་སྤྱན་གཟིགས་སུ་བཏེགས་པ།

                                       

དགོངས་བཞེད་ཆུ་གཏེར་ཀློང་འགྲན་པའི།།

དཔྱད་བུ་ཁྲི་ཤེས་གདོང་འཚོབ་གང༌།།

སྐྱེ་བ་སྔོན་ནས་བོན་སྒོར་ཞུགས།།

མདོ་སྔགས་ཟབ་དོན་རྒྱ་མཚོར་འགྲིམས།།

 

བརྒྱད་ཁྲི་བཞི་སྟོང་བོན་འཁོར་སྐོར།།

དབེན་རི་འོག་མིན་ཞིང་དུ་བསྒོམས།།

ཟང་ཟིང་སྒྱུ་མའི་འཕྲུལ་ལ་ལྟ།།

མཁྱེན་བརྩེ་ནུས་པས་རྒྱལ་བསྟན་གསོ།།

ལྟ་སྒོམ་སྤྱོད་པས་དྭངས་མ་འདྲེན།།

 

ཉེ་རྒྱང་སློབ་འབངས་ཐུགས་ཀྱིས་བསྐྱངས།།

གསར་རྙིང་དུས་ཀྱི་འདྲེན་པར་བཞུགས།།

སྐུ་གསུང་ཐུགས་ཀྱི་འཕྲིན་ལས་དར།།

བཀའ་གསུང་གླེགས་བམ་རྗེས་བཞག་མཛད།།

 

བསྟན་པར་ལྷག་བསམ་ཅན་ལགས་ཀྱི།།

སྐུ་ཚེའི་རྟོགས་བརྗོད་ཚེ་དཔག་མེད།།

གྱ་སྟོན་ཚེས་པའི་ཞབས་བརྟན་དུ།།

བོད་རྒྱལ་ཤིང་ཕོ་རྟའི་ལོར་བསྲིངས།།

 

 

      ཞེས་ཞང་བོད་གསོ་རིག་དང་སྡེ་སྣོད་འཛིན་པའི་མདོ་སྨད་ཡུལ་གྱི་མཁས་དབང་ཆེན་མོ་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་བསྟན་འགྲོའི་དོན་དུ་སྐུ་མཆོག་མངོན་པར་བལྟམས་ནས་བགྲང་བྱ་བཅུ་ཕྲག་བརྒྱད་འཁོར་བའི་བཀྲ་ཤིས་བསྐལ་བཟང་གི་དགྱེས་སྟོན་ཆེན་མོར་དགའ་དད་སྤྲོ་གསུམ་གྱིས་རྟེན་འབྲེལ་ཞུ་བ་དང༌། མགོན་པོ་གང་ཉིད་སྐུ་ཚེ་མི་ཤིགས་གཡུང་དྲུང་གི་ཁམས་སུ་བརྟན་ཅིང་མཛད་འཕྲིན་ཡར་ཟླའི་དཔལ་ལ་འགྲན་པའི་སྨོན་འདུན་དང་བཅས་གུས་པ་ཁྲི་བསོད་བསྟན་དུ་འབོད་པས། སྤྱི་ལོ་༢༠༡༤ལོའི་ཟླ་༣ཚེས་༡༥ཉིན་རྨ་ཡུལ་ཁྲི་ཀའི་སྐྱེས་ལྷ་སྲིན་པོའི་ཉེ་འདབས་སུ་གསོལ་བ་ཤུགས་དྲག་ཏུ་བཏབས་པ་ཇི་ལྟ་བ་བཞིན་འགྲུབ་པར་གྱུར་ཅིག་གུ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.