ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
«ཞང་བོད་ཞིབ་འཇུག»གི་རྩོམ་བསྡུ་བརྡ་ཐོ། 
[ 2012/3/6 21:12:00 | By: ཁྲི་བསོད་བསྟན། ]
 

«ཞང་བོད་ཞིབ་འཇུག»གི་རྩོམ་བསྡུ་བརྡ་ཐོ།

      རང་རིགས་ལ་ཕན་འདོགས་དང་བརྩེ་བ་ཟབ་པའི་རྒྱ་ཆེ་བའི་སྨྱུག་ཐོགས་པ་ཀུན་གྱི་སྤྱན་སྔར་ཞུ་གསོལ།
      ཁོར་ཡུག་གི་གཞི་རྒྱ་ཆེ་ཞིང་ལོ་རྒྱུས་ཀྱི་རྨང་གཞི་ཟབ་པའི་ཞང་བོད་ཀྱི་ཡུལ་གྲུ་ཆེན་པོ་འདིར། རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་བསྐྱངས་ནས་ལོ་ངོ་བཞི་སྟོང་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་ཀུན་གྱིས་ར་སྤྲོད་བྱུང་ཡོད་ནའང་། བསྟན་པ་འཕེལ་འགྲིབ་དང་གྲུབ་མཐའི་རྩོད་གླེང་གིས་ཞང་བོད་ཀྱི་ལོ་རྒྱུས་ཁུངས་བཙུན་ཐམས་ཅད་ཁྱུར་མིད་དུ་བཏང་ནས་ལག་སོན་དཀའ་བའི་གནས་སུ་གྱུར། དེང་གི་དུས་ནའང་བཤད་ཡམས་དང་འཁྱོགས་བརྗོད་ཀྱིས་ལོ་རྒྱུས་ཀྱི་མགོ་རྟིང་སློག་པ་ལྟ་ཅི། ཐ་ན་ས་ཆུའི་གནས་བབས་ཀྱི་མིང་བརྡ་ཙམ་ལའང་ལོ་རེ་བཞིན་དུ་བསྒྱུར་བཟོ་དང་བྱུང་རྒྱལ་དུ་སྨྲ་བ་ཇེ་མང་དུ་འགྲོ་བས་ན། མེས་པོའི་གནའ་ཤུལ་རྔོག་འདོན་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པར་ཆེད་དུ་དམིགས་ནས། ངེད་རྩོམ་སྒྲིག་པ་ལྷན་རྒྱས་གྲོས་འཆམ་བྱུང་སྟེ་«ཞང་བོད་ཞིབ་འཇུག»ཅེས་པའི་ལོ་དེབ་པར་བསྐྲུན་བྱེད་པ་ལ་རྒྱ་ཆེ་རྩོམ་པ་པོ་རྣམས་ཀྱིས་ལྗགས་རྩོམ་ལྷུག་པོར་བསྐུར་བར་དགའ་བསུ་ཞུ།
      རྩོམ་ཡིག་གི་ཐད་ནས་བླང་བྱ་གསུམ་གྱི་སྒོ་ནས་ངོས་ལེན་བྱེད་རྒྱུ་ཡིན་ཏེ། དང་པོ་གནའ་རབས་གཡུང་དྲུང་བོན་དང་འབྲེལ་བའི་ལོ་རྒྱུས་ཏེ་རྒྱལ་གཤེན་བསྟན་པའི་བྱུང་རིམ་དང་། དགོན་སྡེ་རི་ཁྲོད་ཆགས་རིམ། གྲུབ་གནས་ས་མིང་མཚམས་སྦྱོར། བསྟན་འཛིན་སྐྱེས་བུའི་མཛད་རྣམ་སོགས་ཡིན་དགོས་པ། གཉིས་པ་ཕྱོགས་རིས་ཐེར་ཟུག་གི་ལྟ་བ་དོར་ནས་ཚད་མ་གསུམ་དང་མི་འགལ་བའི་དཔྱད་བརྗོད་བགྲོ་གླེང་ཡིན་དགོས་པ། གསུམ་པ་དུས་རབས་སྔ་ཕྱིའི་བོན་གྱི་རྩོམ་པ་གྲགས་ཅན་གྱི་སྙན་རྩོམ་དང་། དེང་དུས་སྤྱི་ཚོགས་ཐོག་གདེང་འཇོག་ཐོབ་པའི་གསར་རྩོམ་མཁོ་འདོན་བྱས་ཏེ་གོ་དཀའ་བའི་ཞང་སྐད་དང་བརྡ་རྙིང་ལ་མཆན་འགྲེལ་བཀོད་དེ་བསྡུ་རྒྱུ་ཡིན།
རྩོམ་བསྡུ་དུས་ཡུན། ལོ་རེར་བཞིན་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་བར་དུ་བསྡུ་མཚམས་འཇོག་རྒྱུ།
      འབྲེལ་གཏུག་བྱེད་ས། མཁར་ནག་སྐལ་བཟང་རྒྱ་མཚོ། 13997442239    ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། 13649741538    QQ:2367684046
      རྩོམ་བསྐུར་ཡུལ། zhouzhi2018@yahoo.com.cn 1144232616@qq.com

      青海省共和县邮政局   华角尼玛 15897255005    邮编:813000

 
 
Re:«ཞང་བོད་ཞིབ་འཇུག»གི་རྩོམ་བསྡུ་བརྡ་ཐོ།
[ 2012/10/12 16:13:42 | By: ཚེ་རིང་དོན་འགྲུབ(སྐུ་མགྲོན) ]
 
ཚེ་རིང་དོན་འགྲུབ(སྐུ་མགྲོན)བོན་གྱི་ལོ་དེབ་ཀྱི་བྱ་བ་འདི་རྣམས་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་བར་རེ་ཞིང་སྒུག
 
 
Re:«ཞང་བོད་ཞིབ་འཇུག»གི་རྩོམ་བསྡུ་བརྡ་ཐོ།
[ 2012/4/7 19:18:37 | By: སྐུ་མགྲོན་Hl0OFs(སྐུ་མགྲོན) ]
 
སྐུ་མགྲོན་Hl0OFs(སྐུ་མགྲོན)ཡག་པོ་རེད། རྩོམ་སྒྲིག་པའི་བསྡུས་དེབ་ཏུ་མི་འགྱུར་བའི་རེ་བ་ཡོད།
 
 
Re:«ཞང་བོད་ཞིབ་འཇུག»གི་རྩོམ་བསྡུ་བརྡ་ཐོ།
[ 2012/3/11 23:49:54 | By: སྐུ་མགྲོན་GLCn16(སྐུ་མགྲོན) ]
 
སྐུ་མགྲོན་GLCn16(སྐུ་མགྲོན)བོན་གྱི་ལོ་དེབ་ཀྱི་བྱ་བ་འདི་རྣམས་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་བར་རེ་ཞིང་སྒུག
 
 
Re:«ཞང་བོད་ཞིབ་འཇུག»གི་རྩོམ་བསྡུ་བརྡ་ཐོ།
[ 2012/3/9 23:24:31 | By: སྐུ་མགྲོན་v06Du2(སྐུ་མགྲོན) ]
 
སྐུ་མགྲོན་v06Du2(སྐུ་མགྲོན)མཚོ་སྔོན་ཡུལ་ནས་སྤེལ་བའི་ཞང་བོད་ཞིབ་འཇུག་ཅེས་པ་དེ་ནང་དོན་དང་ཇུས་འགོད་རྒྱུ་སྤུས་གང་ཐད་ནས་བོན་དེབ་ཡག་པོ་ཞིག་ཨེ་འཁྱོང་གི་རེ་བ་ཡོད། ཕྱི་ཕྱོགས་ནས་བལྟས་ན་བོད་ནང་ན་བོན་དེབ་མང་པོ་ཞིག་འགྲེམ་བཞིན་འདུག་མོད་དཔེ་མཚོན་ཅན་གྱི་སྤུས་ལྡན་བོན་དེབ་རེ་གཉིས་ལས་མཐོང་གི་མི་འདུག་པས་དཔེ་ཉོག་མང་བ་ལ་རྒྱུ་མཚན་མེད་པ་འདྲ། འདི་གའི་རྩོམ་སྒྲིག་པ་རྣམས་ཀྱིས་ཀྱང་དེ་ཕྱོགས་ལ་གཟབ་ན་འགྲིག
 
 
Re:«ཞང་བོད་ཞིབ་འཇུག»གི་རྩོམ་བསྡུ་བརྡ་ཐོ།
[ 2012/3/7 14:49:12 | By: danzengyixi ]
 
danzengyixiརྟེན་འབྲེལ་ཞུ་ཞུ། ཡར་ངོས་ཟླ་ལྟར་འཕེལ་བར་སྨོན།
ལྷ་གཡག་དར་མས།
 
 
Re:«ཞང་བོད་ཞིབ་འཇུག»གི་རྩོམ་བསྡུ་བརྡ་ཐོ།
[ 2012/3/7 1:20:10 | By: སྐུ་མགྲོན་t85Bre(སྐུ་མགྲོན) ]
 
སྐུ་མགྲོན་t85Bre(སྐུ་མགྲོན)ཁྱེད་རྣམ་གྱིས་་་་ཞང་བོད་ཞིམ་འཇུག་་་་དུས་དེབ་འདོན་སྤེལ་གྱི་ལས་འཆར་ལ་རྗེས་སུ་ཡིད་རངས་ཞུ། འདིར་འཁོད་པ་ལྟར་ན་་་་་་དགོན་སྡེ་རི་ཁྲོད་ཆགས་རིམ། གྲུབ་གནས་ས་མིང་མཚམས་སྦྱོར། བསྟན་འཛིན་སྐྱེས་བུའི་མཛད་རྣམ་སོགས་ཡིན་དགོས་པ་་་་་་གསུངས་འདུག་པས་འདི་སྐོར་ངོས་རང་ལ་ཚིག་ཁ་ཤས་ཤིག་ཞུ་འདོད་བྱུང། དེ་སྔ་ང་ཚོས་བོན་བསྟན་དཔྱད་བརྗོད་ཕལ་ཆེ་བ་་་བོད་ཡུལ་གྱི་ས་སྐོར་དེ་རང་གཙོ་ཆེར་བཟུང་ནས་རྩོམ་ཡིག་སྣ་ཚོགས་པ་སྤེལ་འདུག། ད་ནས་མ་འོངས་པར་་་སོག་ཡུལ་་་དང་་་འབྲུག་ཡུལ་་་སོགས་ཀྱི་ནང་སྔ་རབས་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་་་་དགོན་སྡེ་རི་ཁྲོད་ཆགས་རིམ། གྲུབ་གནས་ས་མིང་མཚམས་སྦྱོར། བསྟན་འཛིན་སྐྱེས་བུའི་མཛད་རྣམ་སོགས་གང་མངས་སྤེལ་ཐུབ་ན་དགེ་མཚན་འཕེལ་ངེས་པ་འདུག་པས་འདི་སྐོར་ཁྱེད་རྣམས་ཀྱིས་དགོངས་བཞེས་ཡོང་བ་ཐུགས་ལ་འཛིན་པར་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.