ཟིན་བྲིས་ལི་ཐོ།
<<  < 2021 - 11 >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

  ༧རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ།  

 ༧བསྟན་སྲུང་གཙོ་བོ་སྲིད་པའི་རྒྱལ་མོ།

    ༅།། གཡུང་དྲུང་གི་བོན་རིག་པ་སླར་གསོ་དང་ཁྱབ་བསྒྲགས་ཅི་ཙམ་མགྱོགས་ན་དེ་ལྟར་གངས་ཅན་པའི་རིག་གཞུང་སྤྱི་ལ་དགེ་མཚན་མངོན་པར་གསལ་བས།  ང་ཚོ་གཞོན་རབས་པ་རྣམས་ཀྱིས་ནམ་ཡང་འཆམ་མཐུན་བསམ་བློ་གཙིགས་སུ་བཟུང་ནས་གཡུང་དྲུང་གི་བོན་རིན་པོ་ཆེར་གཅེས་ཤིང་སྤེལ་བའི་ལས་ལ་གཞོལ་ཅི་ཐུབ་བགྱིས་ན་འོས

Phone: 15609739205

QQ:     541071093

E-mail: trisoten727@yahoo.com

MSN:  trisoten@hotmail.com

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 54
  • དཔྱད་བརྗོད། 144
  • ཆེམས། 3
  • ཀློག་གྲངས། 25534


 
ཕུ་བོ་དྲན་པའི་སེམས་གཞས།
[ 2011/11/23 11:09:00 | By: ཁྲི་བསོད་བསྟན། ]
 

      ཁྲི་སེར་འཇམ་དཔལ་ལགས་ནི། སྤྱི་ལོ་༡༩༧༧ལོར་མཚོ་སྔོན་ཁྲི་ཀ་རྫོང་སེར་བརྒྱ་གྲོང་ཚོ་རུ་སྐྱེས། བྱིས་པའི་དུས་ཀྱི་བག་ཡངས་རྩེད་འཇོའི་ཁྲོད་ནས་རང་བཞིན་ལྷན་སྐྱེས་ཀྱི་རིག་པ་གསལ་ཞིང་ལག་སོར་གྱི་འགྱུ་བ་བདེ་བས་ཀུན་གྱིས་བུ་ཆུང་ལག་བདེ་ཞེས་འབོད། རང་ལོ་བརྒྱད་ཀྱི་སྟེང་སྐྱེས་ཡུལ་གྱི་སློབ་ཆུང་འགྲིམས་ཤིང་དགེ་རྒན་དམ་པའི་བརྩེ་ཆེན་གྱི་ཐུགས་ཁུར་འོག་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་གི་དབྱངས་རྟ་དང་བསྡོངས་ཏེ་ཡེ་ཤེས་ཚོགས་ཀྱི་ས་བོན་རང་ཆས་སུ་ཐུགས་རྒྱུད་ལ་བརྙེས། སློབ་མཐར་ཕྱིན་རྗེས་སྔོན་གོམས་ཀྱི་བག་ཆགས་བཟང་པོའི་མཐུ་ལས་དྲང་སྲོང་གནས་བརྟན་འཛིན་པ་དུ་མའི་དྲུང་ནས་རབ་ཏུ་བྱུང༌། ཁོ་རང་ལྔ་རིག་གཟི་འོད་འཕྲོ་བའི་དགོན་སྡེ་དང་ཤེས་རིག་བདུད་རྩི་འཐུང་བའི་སློབ་གླིང་དུ་འགྲིམས་པའི་གོ་སྐབས་མ་བྱུང་ན་ཡང༌། དད་སེམས་དགེ་སྦྱོར་རྩེ་གཅིག་གིས་གཞོལ་ཞིང་ངོ་མཚར་རི་མོའི་མཛེས་ཉམས་ཕྱོགས་སུ་སྦྲོན་པའི་ཞོར་དུ་རླུང་འཕྲིན་རྒྱང་སྒྲོག་དང༌། སྙན་རྩོམ་དུས་དེབ། ཚགས་པར་སྣ་ཚོགས་ནི་ཁོ་བོའི་བསམ་བློའི་གོ་རྟོགས་འབྱེད་པའི་ལྡེ་མིག་དང་བརྩེ་སེམས་དྭངས་མ་ལྷུག་པོར་བརྗོད་པའི་བློས་ཐུབ་ཀྱི་གྲོགས་པོར་གྱུར།

      ༡༩༩༨ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་སྙན་ངག་དང༌། ལྷུག་རྩོམ། དཔྱད་བརྗོད། སྒྲུང་གཏམ་སོགས་རྩོམ་ལུས་འདྲ་མིན་སུམ་བརྒྱ་ལྷག་བརྩམས་ཤིང་སྔ་ཕྱིར་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཁག་དང༌། རྒྱང་སྒྲོག་ལེ་ཚན། ཚགས་པར་སོགས་སུ་རྩོམ་ཡིག་བདུན་ཅུ་ལྷག་སྤེལ་བ་དང༌། དེདག་ལས་སྙན་རྩོམ་འགའ་ཤས་དང་རི་མོ་ཡིག་གཟུགས་ཁག་ཅིག་ལ་གཟི་བརྗིད་དཔང་ཡིག་དང་ཕུལ་བྱུང་བྱ་དགའ་ཐོབ་མྱོང༌།

      ཁོང་གིས་མི་ཚེ་ཧྲིལ་བོར་ལྷ་རིས་སྒྱུ་རྩལ་དང་རྩོམ་རིག་གསར་རྩོམ་གྱི་ལས་ཀ་གཉེར་ཞོར་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱས་ཤིང་བོད་ཀྱི་སློབ་གསོའི་ཐད་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད། ཁོ་རང་སློབ་གསོ་ལ་དགའ་ཞིང་རང་རིགས་ལ་ཞེན་པ་དང་རིག་གནས་ལ་བརྩོན་ཞིང་སྙན་ངག་ལ་དུངས་པའི་མོད་ཕ་ཡུལ་གྱི་ཞིང་གྲོང་ན་འཚོ་བའི་བོད་རིགས་གཞོན་ནུ་ཕོ་མོ་རྣམསཀྱི་ཡིག་རྨོངས་སེལ་བའི་ཐབས་དང་རྩོམ་རིག་གིས་འདོད་བློ་ཡོངས་སུ་སྐོང་བའི་ཆེད་དུ།  ༢༠༠༠ལོ་ནས་བཟུང་ཞིང་གྲོང་གི་འགྱུར་ཁུགསཞེས་པའི་ཚགས་པར་འདི་ཉིད་རང་སྟེང་ནས་མ་དངུལ་གྱིས་མཐུན་རྐྱེན་སྦྱར་ཞིང་གཙོ་འགན་རྩོམ་སྒྲིག་གི་འགན་ཡོངས་སུ་ཕྲག་ཏུ་བླངས་ནས་ད་ལྟའི་བར་འདོན་ཐེངས་བརྒྱད་ཙམ་འགྲེམས་སྤེལ་བྱས་པ་མ་ཟད། རང་རྫོང་ལ་མཚོན་ན་བོད་ཡིག་གི་ཚགས་པར་ཞིང་གྲོང་ནས་སྤེལ་བ་ཆེས་ཐོག་མ་ཡིན་པས་ཞང་དང་རྫོང་རིམ་པའི་འགོ་ཁྲིད་མི་སྣའི་གཟེངས་བསྟོད་དང་གདེང་འཇོག་ཚད་མཐོན་པོ་བྱས།

      ཁོ་བོའི་སྐབས་རེར་གཤིས་ཀ་མཐུན་པའི་གྲོགས་ལ་འདི་སྐད་གླེང་མྱོང༌།  ཁོའི་སྙན་ངག་གིས་གཞན་སེམས་འགུགས་ཐུབ་པའི་ནུས་པ་མེད་ན་ཡང་ཇི་སྲིད་ཟག་ཕུང་གི་སྒྱུ་ལུས་མ་འཇིག་བར་དུ། རང་སེམས་རང་གིས་གསོ་ཕྱིར་སྒྱུ་འཕྲུལ་གྱི་ཞིང་ཁམས་འདི་ནས་སྙན་ངག་མཛེས་མའི་བསླུ་བྲིད་ཀྱི་འཛུམ་མདངས་འཚོལ་བའི་གླེན་རྟགས་དེ་ནམ་ཡང་མཚམས་འཇོག་བྱེད་མི་སྲིད་ཟེར། ཡིད་ཆེས་དང་དམ་བཅའ་བརྟན་པོ་བཞག་པའི་གོ་རིམ་ཁྲོད། འཕྲིན་ལས་ཀྱི་འོད་སྣང་ཕྱོགས་བཅུར་འཕྲོས་ཤིང་མཚན་སྙན་གྱི་བ་དན་མཁའ་རུ་བསྒྲེངས་ན་ཡང་སྐྱེ་བའི་མཐའ་མ་འཆི་བ་དང་ཚེ་ཡི་སྙིང་པོ་མཐའ་ཅན་དུ་ངེས་པ་མེད་ཕྱིར་རང་ལོ་ཉེར་དགུ་སོན་པ་ཤིང་མོ་བྱ་ལོའི་ཆོ་འཕྲུལ་ཟླ་བའི་དུས་ཚེས་དགེ་བར་ཚེ་ཡི་འདུ་བྱེད་ཀློང་དུ་བསྡུས་པའོ།།

                                            གཟི་བྱིན་གྱི་མར་མེ། 

ངའི་བརྗེད་མེད་ཀྱི་ཁུ་བོ་ཀེང་དཀར་འདས་ནས་ཞེ་དགུ་ལོན་པའི་ཉིན་མོར།

                                                                                                      ཁྲི་བསོད་བསྟན།

མར་མེ།   མུན་ནག་གི་ཟབ་ས་ནས།

སྤོབས་པ་དང་ལ་རྒྱ་ཡི་གཟི་བྱིན་སྤྲས་ཏེ།

འོད་ལམ་ལམ།   རང་བྱུང་གི་འོད་ཀྱིས་འཚེར།

མར་མེ།   གངས་ལ་དགའ་ཞིང་རིགས་ལ་ཞེན་པས།

འོད་སྣང་ཡང་།   གངས་ལ་འཐིམ་ཞིང་རིགས་ལས་མཆེད།

 

མར་མེ།   གསེར་འདོག་གི་མར་མེ་འདིས།

ལྷག་བསམ་དང་དུངས་ཞེན་གྱི་མངའ་ཐང་བསྣམས་ནས།

རང་བྱུང་གི་ཁོར་ཡུག་ནས།

ཞིང་གྲོང་འདིར།   བླ་མེད་ཀྱི་སྙིང་སྟོབས་བསྒྲེངས་ཡོད།

སྨྱུག་ཤོག་གི་དགའ་ཚལ་ནས།

མི་ཡུལ་འདིར།   ཡལ་མེད་ཀྱི་སྣང་བརྙན་བསྐྲུན་ཡོད།

 

ད་ལོའི།   དཔྱིད་ཟླ་ར་བར།

སྲིད་པའི་འཁོར་ལོར་མི་རྟག་པའི་ནད་ཡམས་ལྡང་བྱུང༌།

ནད་ཡམས་དེ།   དཔྱིད་རླུང་བཞིན་ཤུགས་ཆེན་གྱིས།

ངའི་སྣོད་བཅུད་ཀྱི་འདབ་ལོ་བསྙིལ་བྱུང༌།

ངའི་གཟི་བྱིན་གྱི་མར་མེ་བཅིལ་བྱུང༌།

 

མར་མེ།   སེམས་ཁོང་གི་ཁྱོད།

ངའི་ཞེ་ཁོང་ནས་བརྡོལ་དེ།

བར་དོའི་འཕྲང་ལམ་རིང་མོར་ཁད་ཀྱིས་བཞུད་པས།

ང་ལ་འཁྱག་སིབ་སིབ་ཀྱི་གཏམ་རྒྱུད་བསྩལ་བྱུང༌།

གཏམ་རྒྱུད་དེ།   རྨུ་ཐག་ལྟར་བརྒྱུས་ཏེ།

ཡུལ་མི་ཚོར།   བཟོད་དཀའ་བའི་མྱ་ངན་དང་འོ་དོད་བསླངས་བྱུང༌།

 

མར་མེ།   ངའི་མིག་མཐར་འཁྱིལ་ཐེངས་རེ་ལ།

ངས་མེ་ཡི་གཟི་བྱིན་དང་འོད་ཀྱི་ཞབས་རྗེས་དག་དྲན་འོངས།

དུས་ཚིགས་འདིའི་རླུང་ཁ་ནས།

གྱེས་བྲལ་གྱིས།   ངའི་རང་སེམས་ལ།

མདུང་མོ་བཞིན་ཟུགས་ཏེ་རྨ་ཁ་ཞིག་བཟོས་སོང༌།

 

ངའི་གཟི་བྱིན་གྱི་མར་མེ།   བདེ་བར་མཛོད།

ཞུམ་པ་མེད་པར།   ང་དང་ཞིང་གྲོང་གི་སྨྱུག་ཚོགས།

འོད་སྣང་གི་ཞབས་རྗེས་བསྙེགས་ཏེ།

ཟོལ་མེད་གཞུང་དྲང་གིས།   བདེན་འཚོལ་སྙིང་སྟོབས་ཀྱིས།

<ཞིང་གྲོང་གི་འགྱུར་ཁུགས་>ལ་ནམ་ཡང་གླུ་ཡིས་བསྟོད་ངེས།

གངས་རིའི་བདེ་སྡུག་ལ་གཞར་ཡང་དཔུང་དུ་འགྱིང་ངེས།    

    ཉིས་སྟོང་ལྔ་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ལྷ་སར།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཕུ་བོ་དྲན་པའི་སེམས་གཞས།
[ 2014/4/11 13:00:36 | By: སྐུ་མགྲོན་G(སྐུ་མགྲོན) ]
 
སྐུ་མགྲོན་G(སྐུ་མགྲོན)ངས་མང་པོ་ཞིག་འབྲི་བསམ་མོད། གང་ནས་མགོ་རྩོམ་པ་དགོས་པའང་མི་ཤེས། དྲང་མོར་བརྗོད་ན་ཁོང་ཉིད་ང་ཚོ་དང་ཁ་གྱེས་པ་ཁྱེད་ཕུ་ནུ་ལ་ཁག་ཅི་ཡོད། ང་ཚོ་རི་གྲོང་དེ་དང་མི་རིགསའདིའི་གྱོང་གུད་ཆེན་པོ་རེད། ཞིབ་དུ་བསམ་ན་ཁོང་གི་མི་ཚེ་ལ་ངོ་མ་རིན་ཐང་ཆེན་པོ་འདུག
 
 
Re:ཕུ་བོ་དྲན་པའི་སེམས་གཞས།
[ 2011/11/26 10:47:16 | By: snowyouth ]
 
snowyouthརེད་དེ། མི་ཚེ་ནི་ནམ་ཞིག་གི་དུས་འཇའ་ལྟར་ཡལ་འགྲོ་བ་ཆོས་ཉིད་དུ་འཁུམས་མོད། ངས་ཁོང་གི་འཚོ་བའི་དབུགས་རྒྱུན་ཕྲ་མོ་ལོ་ངོ་མང་པོར་ང་ཚོ་དང་གཞི་གཅིག་ཏུ་འཚོ་ཐུབ་རྒྱུ་རེད་སེམས་ཡོད། དེ་ནི་འདས་སོང་གི་ནོར་འཁྲུལ་ཞིག་རེད། སེམས་ཀྱིས་ཐེག་དཀའ་ལ་དྲན་མི་ནུས་པའི་ཡིད་སྐྱོའི་གནས་ཚུལ་དེ་བདག་གི་མགོ་ཐོག་ཏུ་བབས་པ་ནས། ངས་སྡུག་ཡུས་ཀྱི་དྲན་ཤིང་སྣུམ་པོ་རུམ་དུ་བཅུག་ནས་སྤོབས་པ་དང་ལ་རྒྱ་ཕྱི་རུ་ངོམས་ཏེ། ས་ཆེན་པོའི་སྟེང་སྔར་བཞིན་གོམ་འགྲོས་འཁྱར་འཁྱོར་གྱིས་འགྲོ་བཞིན་སྣང་མོད། དྲང་མོར་ལབ་ན། ང་ལ་ཅི་ཡང་མེད་པའི་དབུལ་ཕོངས་ཀྱི་འགྲོས་ཉམས་མངོན་ཏེ་ས་ཆེན་པོ་འདི་བང་གིས་གཅོད་མ་ཐུབ། ང་སྔོན་མའི་མི་བུ་དེ་དང་ཡེ་ནས་མི་འདྲ་བར་སེམས་ཀྱི་བློ་ཐག་རྦད་ཀྱིས་ཆད་འདུག་ལ་སྨྱུ་གུའི་སྟངས་སྟབས་གར་དུ་བསྒྱུར་བའི་འདུན་པ་ཡང་སྟོང་འདུག དེ་ནི་ན་ཟུག་ཅིག་རེད། དེ་ནི་དྲན་ཤིང་ཅིག་རེད།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.