ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན། 
[ 2011/12/27 3:08:00 | By: ཁྲི་བསོད་བསྟན། ]
 

    བོན་གྱི་དཔེ་རྙིང་གསེར་བྲིས་ཅན་འདི་ཕོ་བྲང་པོ་ཏཱ་ལའི་རྟེན་རྙིང་བརྙན་པར་སྐོར་གྱི་དེབ་ནང་དུ་ངོ་སྤྲོད་བྱས་ཡོད་པ་དང་། ད་ལྟ་པོ་ཏཱ་ལའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་སྐད་ལབ་འདུག  གཤམ་དུ་བོད་དབྱིན་གཉིས་ནས་འདི་ལྟར་ངོ་སྤྲོད་གནང་འདུག  ལོ་ངོ་སྟོང་ཕྲག་འགའི་ཡར་སྔོན་དུ་དར་བའི་བོན་གྱི་གཞུང་ཆེན་སྒོ་བཞི་མཛོད་ལྔའི་ནང་ཚན་ཕྱྭ།  གཡང་།  སེལ་གསུམ་གྱི་དཔེ་ཆ་ཁ་ཤོག་གསེར་བྲིས་ཅན་དེ་རེད།

DSCF1199.jpg

DSCF1203.jpg

 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2012/1/2 8:04:25 | By: སྐུ་མགྲོན་v0Qd72(སྐུ་མགྲོན) ]
 
སྐུ་མགྲོན་v0Qd72(སྐུ་མགྲོན)ས་སྐྱའི་དགོན་པའི་ནང་ལ་དཔེ་ཆ་མང་པོ་ཡོད་སྐོར་ཤོད་ཀྱི་འདུག་བ། དེ་ཚོ་ཆ་ཚང་ལ་དཀར་ཆགས་ཡོད་མེད་མ་ཤེས། ངས་བསམ་ན་གཏན་གཏན་བོན་པོའི་དཔེ་ཆ་ཡོད་འགྲོ་དྲན་གྱི་ཡོད། སྐལ་པ་དང་ལྡན་པ་འདྲ་བྱུང་ན་ཐུགས་ལ་འཇོག་པ་གནང་རོགས་ཞུ་རྒྱུ་ཡིན།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/31 19:26:52 | By: སྐུ་མགྲོན་8dt2WJ(སྐུ་མགྲོན) ]
 
སྐུ་མགྲོན་8dt2WJ(སྐུ་མགྲོན)གཙོ་སྒྲུབ་པ་ཁྲི་བསོད་བསྟན་ལགས་ནས་བཀྲ་ཤིས་གཏམ་བཟང་སྤེལ་བར་གུས་བཏུད་ཞུ། ཀུ་ས་ལིས།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/28 13:33:29 | By: monlam ]
 
monlamགཏམ་བཟང་སྤེལ་བར་བཀའ་དྲིན་ཆེ། ངས་གླིང་ཆེན་གྱི་ས་ཕྱོགས་ཀུན་ཏུ་བསྒྲགས་ཟིན། ནང་དོན་ཞིབ་ཕྲ་མཇལ་བའམ་པར་སྐྲུན་གྱི་མཐུན་རྐྱེན་ཡོང་ཐབས་གནང་རོགས།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/28 12:36:52 | By: སྐུ་མགྲོན་GLCn16(སྐུ་མགྲོན) ]
 
སྐུ་མགྲོན་GLCn16(སྐུ་མགྲོན)འདི་དག་ནི་ནམ་ང་ཚོས་འཚོལ་སྒྲུབ་གནང་འོས་ཞིག་ཡིན་སྟབས།་ད་དུང་འདི་དག་གི་ཐད་ནས་ཉེན་སྐྱོབ་གནང་གལ་ཆེ། དེ་མིན་ད་ལྟའི་པོ་ཏ་ལ་ནི་མནའ་བོའི་པོ་ཏ་ལ་དེ་མིན།
འཆམ་ར་བས།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/28 12:06:46 | By: སྐུ་མགྲོན་LPGs37(སྐུ་མགྲོན) ]
 
སྐུ་མགྲོན་LPGs37(སྐུ་མགྲོན)བཀྲ་ཤིས་གཏམ་བཟང་ཐོས་བྱུང་། དགའ་བྱུང་། སྐྱིད་བྱུང་། ད་དུང་དེ་འདྲ་མང་པོ་ཐོན་རྒྱུ་ཡོད་པའི་ལོ་རྒྱུས་ཡོད་རེད། ཇོ་ཁང་ནང་དུ་སྟོན་བཀའ་འགྱུར་སྦས་པའི་གཏམ་རྒྱུད་ཐོས་རྒྱུ་ཡོད་རེད། རྩད་ཞིབ་གནང་རོགས་ཞུ།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/28 11:41:45 | By: སྐུ་མགྲོན་KOFr3V(སྐུ་མགྲོན) ]
 
སྐུ་མགྲོན་KOFr3V(སྐུ་མགྲོན)ལེགས་པོར་མཐོང་། བཀའ་དྲིན་ཆེ།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/28 8:37:27 | By: ebl433(སྐུ་མགྲོན) ]
 
ebl433(སྐུ་མགྲོན)འོག་གི་གླེགས་བམ་དེ་གཉིས་ཀྱང་བོན་དཔེ་ཡིན་མདོག་རེད། འདི་རིགས་བོན་འབངས་རྣམས་ཀྱིས་ཡིན་གཅིག་རྩར་གཅོད་གནང་དགོས་པས་དེ་བཞིན་བཀའ་དྲིན་ཆེ།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/28 3:28:34 | By: སྐུ་མགྲོན་pULw50(སྐུ་མགྲོན) ]
 
སྐུ་མགྲོན་pULw50(སྐུ་མགྲོན)དཔེ་ཆ་འདི་ཚོ་ལ་འདྲ་བཤུས་བཟོ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། གཞན་འབྱུང་བའི་འཇིགས་པ་སོགས་བྱུང་སྐབས་རྩ་བརླག་ཏུ་འགྲོ་རྒྱུ་ཉག་གཅིག་རེད་བ། དཔེར་ན་བོན་པོའི་ཁམས་བརྒྱད་ལས་ཀྱང་རྒྱས་པའི་འབུམ་སྡེ་་་་བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་་་་དེ་རྩ་བརླག་ཏུ་ཕྱིན་པ་འདྲ་པོ་རེད།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/28 3:12:11 | By: སྐུ་མགྲོན་pULw50(སྐུ་མགྲོན) ]
 
སྐུ་མགྲོན་pULw50(སྐུ་མགྲོན)དཔེ་རྙིང་དེ་ཡི་འོག་ཏུ་དཔེ་ཆ་པོ་ཏི་གཞན་གཉིས་མཐོང་བཞིན་པ་དེ་ཡང་ག་རེ་ཡིན་ང་ཚོས་ངེས་པར་དུ་ཤེས་དགོས།།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/28 0:01:23 | By: ebl433(སྐུ་མགྲོན) ]
 
ebl433(སྐུ་མགྲོན)这个书见到我很高兴
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/27 19:08:00 | By: སྐུ་མགྲོན་K51Qiu(སྐུ་མགྲོན) ]
 
སྐུ་མགྲོན་K51Qiu(སྐུ་མགྲོན)ཁྲི་བསོད་བསྟན་ལགས། བཀའ་དྲིན་ཆེ། འདི་འདྲ་བའི་གནས་ཚུལ་དང་ཉེ་སྔོན་ཆཱང་རིགས་ས་ཁུལ་ནས་ཐོན་པའི་དཔེ་རྙིང་དེ་དག་གི་སྐོར་གནས་ཚུལ་རྒྱས་ཙམ་ཁྱེད་བོད་བཞུགས་མཁས་དབང་སྤྲུལ་རྣམ་པས་རྒྱ་ཆེའི་བློ་ལྡན་རྣམས་གྱི་སྤྱན་ལམ་དུ་འབུལ་ཐུབ་རྒྱུའི་འབེད་པ་གནང་རོགས་ཞུ།
གུས་གཤེན་ཚེ་ཚང་གིས།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/27 12:08:47 | By: yongzhou ]
 
yongzhouལེགས་པོ་བྱུང་། ཐུགས་རྗེ་གནང་།
 
 
Re:པོ་ཏཱ་ལར་ཉར་བའི་བོན་དཔེ་གསེར་བྲིས་ཅན།
[ 2011/12/27 9:55:03 | By: pjk240(སྐུ་མགྲོན) ]
 
pjk240(སྐུ་མགྲོན)ད་དུང་དེ་ན་བོན་ཕྱོགས་སྐོར་གྱི་ལྷ་སྐུ་དང་དཔེ་རྙིང་མང་པོ་ཡོད་སྲིད་ཀྱི་རེད། དེ་རིགས་ཡང་ངོ་སྤྲོད་གནང་ཐུབ་ན་དགེ་མཚན་ཆེ་བ་ལ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.