ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

  ༧རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ།  

 ༧བསྟན་སྲུང་གཙོ་བོ་སྲིད་པའི་རྒྱལ་མོ།

    ༅།། གཡུང་དྲུང་གི་བོན་རིག་པ་སླར་གསོ་དང་ཁྱབ་བསྒྲགས་ཅི་ཙམ་མགྱོགས་ན་དེ་ལྟར་གངས་ཅན་པའི་རིག་གཞུང་སྤྱི་ལ་དགེ་མཚན་མངོན་པར་གསལ་བས།  ང་ཚོ་གཞོན་རབས་པ་རྣམས་ཀྱིས་ནམ་ཡང་འཆམ་མཐུན་བསམ་བློ་གཙིགས་སུ་བཟུང་ནས་གཡུང་དྲུང་གི་བོན་རིན་པོ་ཆེར་གཅེས་ཤིང་སྤེལ་བའི་ལས་ལ་གཞོལ་ཅི་ཐུབ་བགྱིས་ན་འོས

Phone: 15609739205

QQ:     541071093

E-mail: trisoten727@yahoo.com

MSN:  trisoten@hotmail.com

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 54
  • དཔྱད་བརྗོད། 144
  • ཆེམས། 3
  • ཀློག་གྲངས། 25665


 
ཟིན་བྲིས་འཇུག་པ་པོ་ཀུན་ལ་གསལ་བརྡ། 
[ 2011/5/10 17:15:00 | By: ཁྲི་བསོད་བསྟན། ]
 
12

ཟིན་བྲིས་འཇུག་པ་པོ་ཀུན་ལ་གལ་དུ་ཞུ་རྒྱུ་ཞིག་ལ

གཅིག  ཟིན་བྲིས་འདིའི་གཙོ་ངོས་སུ་རང་བཞིན་གྱི་ལེ་ཚན་བཅུ་གཅིག་སྟེ།  འཕྲིན་གསར་དང་གཡུང་དྲུང་བོན།  ཞང་ཞུང་།  ལོ་རྒྱུས།  དཔྱད་གླེང་།  ལེགས་རྩོམ།  གསུང་རབ།  ངོ་སྤྲོད།  རང་མོས།  འབེལ་གཏམ་བཅས་སུ་གྲུབ་པས་ཟིན་བྲིས་འཇུག་པ་པོ་ཀུན་ཀྱིས་རང་རང་གི་རྩོམ་ཡིག་གང་ལ་གང་འཚམས་ཀྱིས་ལེ་ཚན་ཁག་ཏུ་འཇུག་པར་བྱ།

གཉིས།  ངེད་ཟིན་ཚོམས་སུ་ཞུགས་པའི་མི་སྒེར་གྱི་ཟིན་བྲིས་དག་ལས་འཁོད་པའི་རྩོམ་ཡིག་དང་ཆ་འཕྲིན་ལེགས་ཤོས་རྣམས་ངེད་ཅག་༼ཧི་མ་ལ་ཡའི་བོན་དྲ་ཚིགས༽སྟེང་འོས་སྦྱོར་གྱི་ཚུལ་དུ་བརྒྱུད་འགོད་བྱེད་རྒྱུ་དང་།  ཡོངས་ཁུངས་ཟིན་བྲིས་ཀྱི་མིང་དང་རྩོམ་མཁན་སོགས་གསལ་བོར་འབྲི་རྒྱུ་ཡིན།

གསུམ།  ཉིན་འགའི་རྗེས་ནས་ཟིན་བྲིས་མཁན་པོ་གཅིག་དང་ཁྱུ་མཆོག་ཟིན་བྲིས་ཞེས་ཟིན་བྲིས་བཅོ་ལྔ་འདེམས་རྒྱུ་ཡིན། ཁྱུ་མཆོག་ཟིན་བྲིས་འདེམས་དུས་ཟིན་བྲིས་ཀྱི་ཁ་ཕྱོགས་དང་རྩོམ་ཡིག་སྤེལ་གྲངས་ཀྱི་མང་ཉུང་།  རྩོམ་ཡིག་གི་སྤུས་ལེགས་མིན་སོགས་ལ་དཔྱད་མཐར་བདམས་ཐོན་བྱེད་རྒྱུ་དང་ཟིན་བྲིས་སྤེལ་བ་བོའི་མི་སྣ་དག་གི་འདྲ་པར་དྲ་ངོས་སུ་ཡུན་རིང་བོར་འཆར་ཐུབ་པ་བྱེད་རྒྱུ་ཡིན།

བཞི།  རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་དྲ་བའི་ལམ་ལུགས་དང་མི་འགལ་བར་ཆོས་གྲུབ་ཁག་ལ་བརྩི་བཀུར་སྒོས་མི་གཤིས་ཕན་ཚུན་བར་འཆལ་གཏམ་ཕུང་དཀྲུགས་ཀྱི་བྱ་སྤྱོད་ལས་རིང་དུ་བརྒལ་ནས་ཕན་སེམས་ཀྱི་རྩོམ་སྣ་དགྱེས་སྩོལ་གནང་བར་སྙིང་ནས་རེ།  གལ་ཏེ་དེ་རིགས་བྱུང་བ་ཡིན་ན་ངེད་ཟིན་བྲིས་ཀྱི་ཉག་ཕྲ་བའི་ཚེ་སྲོག་དེ་ཡང་ཡུན་རིང་དུ་བརྟན་ཐུབ་བྲལ་བས་དོ་དམ་པས་གཙང་བཤེར་སྒོས་རྩ་མེད་དུ་གཏོང་རྒྱུ་ཡིན་པས་དེ་ལུགས་མཛོད།

ལྔ།  མི་སྒེར་ཟིན་བྲིས་སུ་སྒོ་བྱང་བཟོ་འདོད་པ་དག་གིས་པར་རིས་ཀྱི་ཆེ་ཆུང་ཞེང་ཚད་རིང་ཐུང་ལ་900དང་མཐོ་དམའ་150ལས་མི་བརྒལ་བར་བྱ་རྒྱུ་དང་།  ཟིན་བྲིས་སུ་པར་རིས་སྤེལ་སྐབས་ཆེ་ཆུང་100KBནས་མི་བརྒལ་བར་བྱས་ན་འདྲ་པར་སྤེལ་ཐུབ་ངེས།

དྲུག  ངེད་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་ལས་རྩོམ་གྱི་ཡོངས་ཁུངས་ངེད་དྲ་བར་འཁོད་པའི་རྩོམ་ཡིག་དག་གཞུང་སྒེར་དྲ་བ་དང་ཟིན་བྲིས་སུ་བེད་སྤྱོད་ཚེ་ངེས་པར་དུ་རྩོམ་གྱི་ཡོངས་ཁུངས་བདེན་དྲང་གིས་གསལ་བོར་འགོད་དགོས།  ང་ཚོས་ཀྱང་དྲ་ངོས་དང་དེབ་སྟེང་གང་རུང་དུ་ཐད་བཤུས་བྱས་པ་ཡིན་ན་འོས་ཚོད་ཀྱིས་གསལ་བཤད་བྱས་ཡོད།  དེ་ནི་དྲ་བ་དེར་བརྩི་བཀུར་དང་ལས་ཀར་གདེངས་འཇོག་བྱས་པའི་རྣམ་འགྱུར་ཞིག་ཏུ་མཚོན་ལ་འཛམ་གླིང་སྤྱི་བའི་ཐུན་མོང་གི་དྲ་བའི་སྒྲིག་སྲོལ་ཤིག་ཏུའང་གྲུབ་ཡོད་པས་དྲ་གྲོགས་ཀུན་ཀྱི་ཐུགས་འདུན་དང་འཚམས་པའི་སྨོན་འདུན་ཞུ།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཟིན་བྲིས་འཇུག་པ་པོ་ཀུན་ལ་གསལ་བརྡ།
[ 2015/7/7 22:57:25 | By: xrtqxrtq ]
 
xrtqxrtqཐུགས་རྗེ་ཆེ་ཞུ་བ་ཡིན།
 
 
Re:ཟིན་བྲིས་འཇུག་པ་པོ་ཀུན་ལ་གསལ་བརྡ།
[ 2011/5/19 11:41:25 | By: KHYUNGSHESRAB ]
 
KHYUNGSHESRABདྲ་ཚིགས་གཙོ་སྒྲིག་པ་ཁྲི་བསོད་བསྟན་ལགས་ལ་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ། ཁྱེད་ཀྱི་ལས་དོན་གང་ལ་ཐུགས་འདུན་བཞིན་ལེགས་གྲུབ་ཡོང་བ་དང་ཆབས་ཅིག་སྐུ་ཚེ་ལ་བར་ཆད་མེད་པའི་བཀྲ་ཤིས་པའི་ཁ་གཡང་རྒྱུན་དུ་སྒྲོན། གུས་པ་ཁྱུང་ཤེས་རབ་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.