ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ནམ་མཁའི་ནོར་བུ་དང་ཁོང་གི་ཤིས་སྨོན།
[ 2011/5/26 8:58:00 | By: ཁྲི་བསོད་བསྟན། ]
 

ཆོས་རྒྱལ་ནམ་མཁའི་ནོར་བུ། 

འཛམ་གླིང་བོད་རིག་པའི་ཞིབ་འཇུག་མཁས་ཆེན།

དབྱི་ཏ་ལི་ན་པོ་ལིས་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ།

ཨེ་ཞི་ཡ་རྒྱལ་སྤྱིའི་མཐུན་སྒྲིལ་ཚོགས་པའི་ཚོགས་གཙོ།

 

སྨེ་ལོ༣༩༢༦ཙམ་གྱི་ལོ་རྒྱུས་དང་ལྡན་པའི་ཞང་བོད་ཀྱི་ཤེས་རིག་ནི་བོད་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ཡོངས་ལ་སྨན་ཞིང་འགྲོ་བ་མིའི་རིགས་ཀུན་ནས་གཅེས་འཛིན་བྱེད་འོས་པའི་ཤེས་རིག་ནོར་བུའི་བང་མཛོད་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད 

ཆེས་རྙིང་ཞིང་རིན་ཐང་ཚད་ལས་འདས་པའི་ཤེས་རིག་དེ་རྣམས་ཀྱི་ཡ་ཐོག་གི་འབྱུང་ཁུངས་ནི་ཞང་ཞུང་སྒོ་ཕུག་བར་གསུམ་ནས་དར་རྒྱས་སུ་གྱུར་འི་གནའ་བོའི་བོན་གྱི་ཤེས་རིག་དེ་ཙམ་དུ་ངེས་པ་ཡིན་སྟབས  སུ་ཞིག་བོད་ཀྱི་ཤེས་རིག་ལ་དོ་སྣང་ཡོད་པ་ཞིག་ཡིན་ཕྱིན་ཆད་བོན་གྱི་ཤེས་བྱ་རིག་པའི་གནས་ཀུན་ལ་དོ་སྣང་བྱེད་དགོས་ངེས་པ་ཞིག་ཆགས་ཡོད་པ་རེད 

དངོས་ཀྱི་གནས་ལུགས་དེ་ལ་བརྟེན  སྐབས་འདིར༼གངས་ཏི་སེ་བོན་གཞུང་རིག་མཛོད༽ཅེས་པའི་དཔེ་དེབ་གསར་སྒྲིག་གནང་བ་འདི་ནི་བོན་གྱི་ཤེས་བྱ་རིག་པའི་གནས་ཀུན་གྱི་གོ་རྟོགས་ལེགས་པར་ཆགས་ཐུབ་པའི་ཆ་རྐྱེན་རིན་ཐང་ཚད་ལས་འདས་པ་ཞིག་ཏུ་ངེས་པ་ཡིན་ལ།  ཚུལ་འདི་ནི་བོན་ལུགས་ཀྱི་ཁོངས་སུ་གཏོགས་པའི་མཁྱེན་ལྡན་སློབ་གཉེར་བ་རྣམས་སུ་མ་ཟད།  བོད་ཀྱི་ལོ་རྒྱུས་ལ་དོ་སྣང་ཡོད་ཚད་ལ་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་སྟབས།  ཕྱི་ནང་གི་མཁྱེན་ལྡན་ཡོངས་ནས་རིན་ཐང་ཆེ་བའི་དཔེ་འདི་དག་ལ་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན། 

བདེ་ལེགས་ཀྱི་ཤིས་སྨོན་བཅས་ཆོས་རྒྱལ་ནམ་མཁའི་ནོར་བུས་ཕུལ།

 
 
Re:ནམ་མཁའི་ནོར་བུ་དང་ཁོང་གི་ཤིས་སྨོན།
[ 2011/7/3 5:25:21 | By: danile202 ]
 
danile202ཁོང་སྐུ་ཚེ་རིང་དུ་བརྟན་པར་ཤོག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.