ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

  ༧རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ།  

 ༧བསྟན་སྲུང་གཙོ་བོ་སྲིད་པའི་རྒྱལ་མོ།

    ༅།། གཡུང་དྲུང་གི་བོན་རིག་པ་སླར་གསོ་དང་ཁྱབ་བསྒྲགས་ཅི་ཙམ་མགྱོགས་ན་དེ་ལྟར་གངས་ཅན་པའི་རིག་གཞུང་སྤྱི་ལ་དགེ་མཚན་མངོན་པར་གསལ་བས།  ང་ཚོ་གཞོན་རབས་པ་རྣམས་ཀྱིས་ནམ་ཡང་འཆམ་མཐུན་བསམ་བློ་གཙིགས་སུ་བཟུང་ནས་གཡུང་དྲུང་གི་བོན་རིན་པོ་ཆེར་གཅེས་ཤིང་སྤེལ་བའི་ལས་ལ་གཞོལ་ཅི་ཐུབ་བགྱིས་ན་འོས

Phone: 15609739205

QQ:     541071093

E-mail: trisoten727@yahoo.com

MSN:  trisoten@hotmail.com

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 54
  • དཔྱད་བརྗོད། 144
  • ཆེམས། 3
  • ཀློག་གྲངས། 26158


 
མཁར་རྨེའུ་བསམ་གཏན་ལགས་ཀྱིས་སྤེལ་བའི་སྨོན་ཚིག
[ 2011/5/21 12:05:00 | By: ཁྲི་བསོད་བསྟན། ]
 

མཁར་རྨེའུ་བསམ་གཏན་རྒྱལ་མཚན།

འཛམ་གླིང་རྒྱལ་སྤྱིའི་བོད་རིག་པའི་མཁས་ཆེན།

ཧྥ་རན་སིའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཆེན་མོ།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་བ།

རི་བོ་ནི་ཏི་སེ་གངས་ཀྱི་དྲུང་ 

ཆུ་བོ་ནི་ཡར་ཆབ་བཞི་འདུས་འགོར 

ས་ཚིགས་ནི་འཛམ་གླིང་གི་ལྟེ་བར 

ཡུལ་མཐོ་ནི་ཞང་ཞུང་སྒོ་ཕུག་བར 

ས་གཙང་ནི་གངས་རི་མཚོ་གསུམ་དུ 

སྟོན་པ་ནི་གཤེན་རབ་མི་བོ་ཆེ 

བོན་སྒོ་ནི་ཆབ་དཀར་ཆབ་ནག་སོགས 

འགྲེང་དུད་ཀྱི་གསོས་དང་སྐྱེས་སུ་གསུངས 

རྒྱལ་ཚབ་ནི་མུ་ཆོ་ལྡེམ་དྲུག་དང་ 

མཁས་པ་ནི་འཛམ་གླིང་རྒྱན་དྲུག་གིས 

མི་རིགས་ནི་སོ་སོའི་སྐད་དུ་བསྒྱུར 

བཙན་པོ་ནི་གནམ་བབས་ཕྱྭ་ཡི་རྗེ 

གཟི་བརྗིད་ནི་བྱིན་དང་འཕྲུལ་དུ་ཆགས 

གནམ་རུམ་ནས་དམུ་ཡི་སྐས་ཐག་བཅས 

རི་བོ་ནི་གྱང་ཏོའི་རྩེ་རུ་བབས 

སྐུ་གཤེན་ནི་མཚེ་དང་གཅོའུ་ཡིས 

བཙན་པོ་ལ་སྐུ་ཡིས་སྲུང་སྐྱོབ་མཛད 

རྒྱལ་གཤེན་གྱི་བསྟན་པ་མཉམ་དུ་ཆགས 

བོད་ཡུལ་གྱི་གཤེན་བསྟན་དང་གྲུབ་མཐའི 

རྒྱུད་འཛིན་གྱི་མཁས་མང་གི་གསུང་ཆར 

དུས་འདི་རུ་འབེབས་པ་དགེ་བར་སྨོན 

བོན་གྱི་གསུང་རབགངས་ཏི་སེ་བོན་གཞུང་རིག་མཛོད༽ཅེས་པ་བསྡུ་སྒྲིག་དང་པར་སྐྲུན་མཛད་པ་ལ།  མཁ་རྨེའུ་བསམ་གཏན་གྱིས་མཐུན་འགྱུར་གྱི་རྗེས་སུ་ཡི་རངས་དང་བཅས་ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཀི་ཡོ་ཏྲོའི་མཐོ་རིམ་སློབ་གྲྭ་ཆེན་མོར་སྤྱི་ལོ༢༠༠༩ལོའི་ཟླ༡༠བའི་ཚེས༢༥ཉིན་འཕྲལ་དུ་བྲིས

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:མཁར་རྨེའུ་བསམ་གཏན་ལགས་ཀྱིས་སྤེལ་བའི་སྨོན་ཚིག
[ 2011/5/22 3:03:19 | By: danile202 ]
 
danile202ལེགས།
 
 
Re:མཁར་རྨེའུ་བསམ་གཏན་ལགས་ཀྱིས་སྤེལ་བའི་སྨོན་ཚིག
[ 2011/5/21 14:49:53 | By: danzengyixi ]
 
danzengyixiབཀླགས་ཟིན།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.