ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

  ༧རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ།  

 ༧བསྟན་སྲུང་གཙོ་བོ་སྲིད་པའི་རྒྱལ་མོ།

    ༅།། གཡུང་དྲུང་གི་བོན་རིག་པ་སླར་གསོ་དང་ཁྱབ་བསྒྲགས་ཅི་ཙམ་མགྱོགས་ན་དེ་ལྟར་གངས་ཅན་པའི་རིག་གཞུང་སྤྱི་ལ་དགེ་མཚན་མངོན་པར་གསལ་བས།  ང་ཚོ་གཞོན་རབས་པ་རྣམས་ཀྱིས་ནམ་ཡང་འཆམ་མཐུན་བསམ་བློ་གཙིགས་སུ་བཟུང་ནས་གཡུང་དྲུང་གི་བོན་རིན་པོ་ཆེར་གཅེས་ཤིང་སྤེལ་བའི་ལས་ལ་གཞོལ་ཅི་ཐུབ་བགྱིས་ན་འོས

Phone: 15609739205

QQ:     541071093

E-mail: trisoten727@yahoo.com

MSN:  trisoten@hotmail.com

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 54
  • དཔྱད་བརྗོད། 144
  • ཆེམས། 3
  • ཀློག་གྲངས། 25783


 
དྲ་གྲོགས་ལྷན་རྒྱས་སུ་ཆེད་ཞུ། 
[ 2011/5/9 7:32:00 | By: ཁྲི་བསོད་བསྟན། ]
 

བོད་ཕྱི་ནང་གི་དྲ་གྲོགས་ལྷན་རྒྱས་སྐུ་ཁམས་བཟང་།  ཐོག་མར་མ་བསྐུལ་རང་འགུལ་གྱི་དགྱེས་ཚོར་ཆེན་པོའི་ངང་ཟིན་ཚོགས་འདིར་ཞུགས་མཁན་གྱི་དྲ་གྲོགས་དག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

ད་ནི་དུས་རབས་ཀྱི་འགྲོས་དང་བསྟུན་འཛམ་གླིང་ཡུལ་གྲུ་སོ་སོར་ཤེས་རིག་དང་དཔལ་འབྱོར་གྱི་འཕེལ་ཁ་ཀློང་ལས་བརྡོལ་ཞིང་།  ལྷག་པར་དུས་རབས་ཉེར་གཅིག་པ་འདི་བརྡ་འཕྲིན་གྱི་དུས་རབས་ལགས་པས་ཕྱོགས་གང་ཅིའི་ཐད་ནས་སྟབས་བདེ་དང་ཕན་ནུས་ཆེ་བའི་དུས་ངེས་ཅན་ལ་སླེབས་འདུག་རྐྱེན།  ངེད་ཅག་གིས་ཀྱང་བོད་ཀྱི་ཤེས་རིག་ལོ་རྒྱུས་སྤྱི་དང་ལྷག་དོན་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་དར་སྤེལ་དང་ཁྱབ་བསྒྲགས་བྱེད་འདོད་ཀྱི་འདུན་པ་འགོག་མེད་དུ་འཆར་བ་དང་།  གཤེན་རབ་བསྟན་པའི་རིག་གནས་ལོ་རྒྱུས་ལ་སྦྱངས་གོམས་ཡོད་པའི་རྒྱལ་ཕྱི་ནང་གི་སྨྱུག་ཐོགས་པ་དང་ཀློག་པ་པོ་དག་གཅིག་འདྲེས་སུ་ཡོང་ཕྱིར་ཆེད་དུ་དཀའ་ངལ་ཁྱད་བསད་ཀྱིས་ཟིན་ཚོགས་འདི་སྒྲུབ་པ་ཡིན།  སླད་མར་ཟིན་བྲིས་སྤེལ་པ་པོ་དག་གིས་ཀྱང་གསལ་དག་གཙང་གསུམ་གྱི་སྒོ་ནས་སྤུས་ལྡན་གྱི་རྩོམ་ཡིག་རེ་འགོད་རྒྱུ་སྙིང་ནས་རེ།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས།
[ 2011/5/9 21:29:34 | By: wangjiezeran ]
 
wangjiezeranཁྲི་བསོད་བསྟན་ལགས། ཐོག་མར་ཧི་བོན་ཟིན་བྲིས་སྒོ་འབྱེད་ལེགས་གྲུབ་བྱུང་བ། ངས་འདི་ནས་བཀའ་དྲིན་ཆེ་ཞུ།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.