སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན།
[ 2011/10/25 22:12:00 | By: དབང་རྒྱལ་ཚེ་རིང་། ]
 

ཁོད་སྤུངས་དར་རྒྱས་དགོན་པའི་འདུ་ཁང་སོགས།

དགོན་འདི་ཐོག་མར་ཕྱག་འདེབས་པ་པོ། མཁན་ཆེན་བསྐལ་བཟང་ཉི་མ།


……
 
 
བསྐུལ་བའི་རིགགཞོན་ནུར་་ཞེན་གྱི་ལྷག་བསམ། །
[ 2011/5/11 23:48:00 | By: དབང་རྒྱལ་ཚེ་རིང་། ]
 

  


……
 
 
བླང་བའི་བསླབ་བྱ་སྐལ་བཟང་འདོད་འཇོའི་བདུད་རྩི།
[ 2011/5/9 23:39:00 | By: དབང་རྒྱལ་ཚེ་རིང་། ]
 

ཀ་དག་སྐྱེ་མེད་བོན་སྐུའི་གཞི་དབྱིངས་ཀྱི་ངང་ལས། །
ཁ་དོག་འོད་དཀར་འཆང་བ་འགག་མེད་ཀྱི་ལོངས་སྐུ། །
ག་ནས་གསོལ་བ་འདེབས་ལ་ཆུ་ཟླ་ལྟར་སྟོན་པ། །
ང་ཡི་བླ་མ་གཡུང་དྲུང་འཆང་དབང་ལ་ཕྱག་འཚལ། །
ཅ་ཅོ་འདུ་འཛི་དབེན་པའི་རི་སུལ་དུ་འགྲིམས་ཏེ། །
ཆ་ལུགས་བདུན་ལྡན་ཚུལ་གྱིས་བསམ་གཏན་ལ་བརྟེན་ནས། །
ཇ་ཆང་ཟས་གོས་འདོད་ཆུང་ཆོག་ཤེས་ཀྱིས་སྤྱོད་ལ། །
ཉ་མོ་མཚོ་ལྟར་བླ་མའི་གདམས་ངག་དང་མ་བྲལ། །
ཏ་ཐཱ་ག་ཏའི་རྣམ་འཕྲུལ་མཚན་ལྡན་གྱི་བླ་མ། །
ཐ་མལ་སྣང་ཚུལ་བསྟན་ཀྱང་སངས་རྒྱས་སུ་མཐོང་སྟེ། །
ད་ལྟའི་དལ་འབྱོར་རྟེན་ལ་སྙིང་པོ་ཞིག་བླངས་ན། །
ན་ག་འཆི་བྲོད་བྱུང་ཚེ་ཐར་ལ
……

 
 
སྙིང་ཁོང་གི་རེ་བ།
[ 2011/5/9 23:36:00 | By: དབང་རྒྱལ་ཚེ་རིང་། ]
 

གང་བཟང་གང་སྙན་གྱི་ཁ་གཡང་མིན་པར། །
རླབས་ཆེན་ལས་དོན་ལ་མཛད་འཕྲིན་ཟབ་པའི། །
མི་བུ་གདོང་དམར་བས་བཀུར་འོས་རྣམ་པ། །
འདིར་བཤད་སྙིང་ཁོང་གི་རེ་བར་གསོན་དང༌། །

ཁ་བཤད་ཁ་ཙམ་ལ་གསོན་ཤུགས་རྒྱས་ཀྱང༌། །
ལག་ལེན་ལག་བསྟར་ལ་རེ་བ་ཆུང་བའི། །
ང་བོ་ང་རྒྱལ་གྱི་མགོ་འཕང་མཐོ་རྣམས། །
འདིར་བཤད་སྙིང་ཁོང་གི་རེ་བར་ཉོན་དང༌། །


……
 
 
བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁ།
[ 2011/5/9 23:31:00 | By: དབང་རྒྱལ་ཚེ་རིང་། ]
 
བྲུ་རྗེ་བཙུན་གཡུང་དྲུང་བླ་མས་རབ་བྱུང་དང་བོའི་ཆུ་བྱི༼༡༠༧༢༽ལོར་ཕྱག་བཏབ། གྲྭ་ཚང་གླིང་བཞིར་དབྱེ་ཞིང་། མཚན་ཉིད་དང་གསང་སྔགས་ཟུང་དུ་འབྲེལ་ཞིང་བཙུན་པ་སྡོམ་གཙང་སྟོང་ཙམ་ལ་ཉེ་བའི་གདན་ས་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར། བརྒྱུད་པའི་བསྟན་འཛིན་ནི་ཐོག་མར་རྗེའི་དབོན་སྤྲུལ་སྐུ་ཉི་མ་རྒྱལ་མཚན་ནས་སྲས་ནམ་མཁའ་རྒྱལ་སོགས་གདུང་བརྒྱུད་རིམ་པར་བྱོན་པ་དང་། མཁས་གྲུབ་ཆེན་པོ་མེ་གཉོས་གཉིས་དང་། འགྲོ་མགོན་ཁུ་དབོན་སོགས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་གཤེན་ཆེན་བཅོ་བརྒྱད་ཙམ་གྱི་སྐུ་དུས་སུ་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་གོང་དུ་འཕེལ། དེ་རྗེས་ལས་དབང་གི་རྐྱེན་པས་རབ་བྱུང་བདུན་པའི་ཤིང་སྤྲེལ༼༡༤༠༤༽ལོར་སྤང་བརྡོལ་ཆུ་ལོག
……
 
 
སྨན་རིའི་དཀར་ཆག་བསྡུས་པ་པད་མ་བཞད་པའི་ཚལ་ཆེན།
[ 2011/5/9 23:13:00 | By: དབང་རྒྱལ་ཚེ་རིང་། ]
 

                             


……
 
 
ཚང་མ་ཁམས་བཟང་།
[ 2011/5/8 23:26:00 | By: དབང་རྒྱལ་ཚེ་རིང་། ]
 

བཀྲ་ཤིས་པའི་ཉི་མ། ཕུན་སུམ་ཚོགས་པའི་ཉིན་མོ་འདི་ལ་ཧི་བོན་ཟིན་བྲིས་ལེགས་གྲུབ་བྱུང་སོང་།    འདིའི་ང་ཚོ་གཡུང་དྲུང་བོན་ལ་མཚོན་ན་བཀྲ་ཤིས་པའི་དོན་བཟང་ཡིན་འདུག     ལྷག་པར་དུ་ ང་ཚོའི་བོད་མི་རིགས་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པ།      དེར་བརྟེན།   བདག་ཀྱང་ཟིན་བྲིས་སུ་གསར་དུ་བཞུགས་པ་ཡིན་པས་རྒྱ་ཆེ་བའི་དྲ་གྲོགས་དག་གཟིགས་ཕེབས་གནང་བ་དང་ང་ཚོ་ཚང་མ་ཕན་ཚུན་བགྲོ་གླེང་སོགས་བྱེད་རྒྱུའི་རེ་བ་སོགས་ཡོད་པས་ཚང་མས་དགོངས་བཞེས་རེ་གནང་བར་ཞུ།


……
 
 
ཐོག་ངོས། གོང་ངོས། འོག་ངོས། མཐའ་ངོས། ངོས་གྲངས། 1/1ངོས།  10ཟིན་ཐོ/ངོས། ངོས་
Powered by Oblog.