སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38459


 
འཇིག་རྟེན་གཞིས་འདི་བྱིས་སྒྲུང་ཞིག
[ 2020/2/26 12:45:00 | By: vase ]
 


འཇིག་རྟེན་གཞིས་འདི་བྱིས་སྒྲུང་ཞིག



ཤ་སྐྱི་དཀར་བའི་ཉིན་རི་ནས།།

ཞི་གོར་སྤྱན་ཟུང་ཁྲ་མོ་ཡིས།། 

སྨིན་མ་ལྡེམ་པའི་སྟངས་སྟབས་ལ།།

མགྲིན་པའི་ཨོ་རྩིད་འཛར་མཐུད་མང་།།


ཚོར་བའི་བཟི་ཁ་མིད་ས་དང་།།

དུང་བའི་རླན་ཐིགས་མོད་ས་ཡི།།

ཚོར་འདུ་བསླས་པའི་གད་ཁུག་ནས།།

སེམས་མཐུན་བྱ་ཁྱུ་བཤར་ལ་བྲེལ།། 


ཟིལ་པ་ཁུར་བའི་མེ་ཏོག་ཅིག།

ཚོར་བའི་སོས་ཆེན་སྤང་ནས་ལྡེམ།། 

ཟེ་འབྲུ་ཆ་གའི་དཔུང་ཚོགས་ལ།།

རྐང་དྲུག་མགོ་བོ་ལན་གསུམ་འགུལ།།


བསླུ་བྲིད་རྫོབ་དཔུང་འཐུག་ས་སྟེ།།

འཇིག་རྟེན་སྲེད་པའི་རི་གྲོང་ནས།།

འདོད་ཡོན་རྩེད་པའི་སྟངས་སྟབས་ལ།། 

ཚོགས་དྲུག་ཕལ་ཆེར་དེ་རུ་ཕྱོགས།།


བལ་དཀར་ལྷོད་པའི་ཉག་ཀ་ལ།།

གསེར་སྐྱུག་སྙུག་མའི་ཨ་ལོང་རྒྱག། 

བྱབ་ཆུང་ལག་པས་ཐུག་རེག་མང་།། 

འཇིག་རྟེན་གཞིས་ཀ་བྱིས་སྒྲུང་ཞིག། 


ལས་ཀྱི་ཀུན་འབྱུང་རྒྱུ་མཚམས་སུ།། 

རྣམ་སྨིན་སྡུག་གིས་བསླུ་བྲིས་ཀྱི།།

རུལ་དྲི་ཤངས་ཀྱིས་མ་ཚོར་ནས།།

འཇིག་རྟེན་བྱིས་པའི་ཀླེན་ཀ་ཆགས།། 


གོས་ཆེན་དཀར་བའི་མཐའ་ངོགས་ནས།།

ས་ཆེན་བཤུམས་པའི་བཞུར་སྒྲ་ཡི།།

སྟོང་གསུམ་འཁྲུགས་པའི་ཆ་ལངས་ཤིག།

ཁམས་གསུམ་གྲོང་ནས་བསྒྲགས་པ་མང་།། 


ཁ་ཆུ་འཐུག་པའི་ཐུ་ལྭའི་འོག།

དྲི་བསུང་ཁུར་བའི་མེ་ཏོག་དག།

མགོ་བོ་གུག་བཞིན་རྒྱང་ནས་བཤར།།

སྐྱོ་བསངས་མེད་པའི་ཆུ་འཛིན་འཁྲིགས།། 


མི་སྙན་ཚེར་མའི་འཇབ་རྒོལ་གྱིས།།

མི་སྲིད་འཇིག་རྟེན་བཤུམས་སྲིད་པའི།།

མི་རུང་ཉན་བྱེད་དབང་པོར་བཀླགས།།

འཇིག་རྟེན་གཞིས་འདི་བྱིས་སྒྲུང་ཞིག།


༢༠༢༠/༢/༢༣/ཞོགས་པ་/བསོད་ནམས་བློ་གྲོས་/ནས་བྲིས།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.