སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 11 >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38461


 
དུས་རབས་ཀྱི་མཐོང་སྣང་།
[ 2020/11/4 16:34:00 | By: vase ]
 
དུས་རབས་ཀྱི་མཐོང་སྣང་།


སྐྱེ་འབྲས་གསོན་ཤུགས་ལྟེབ་ཆག་མ་བྱས་ལ།།
འཇམ་བག་བྱད་ལ་ནག་དྲེག་མ་ཐོགས་པའི།།
རེག་འཇམ་ཁུད་ཀྱི་ཐིག་ཤིང་གྲུང་མ་རྣམས།།
གསང་གུར་ལྷ་ཡི་མཆོད་པའི་གྲལ་ལ་བཏེགས།།

གཡོ་ཅན་ལས་ཀྱི་སྲེད་པས་མ་འཐར་ལ།།
སྤྲ་མ་སྤྲེལ་གྱི་ཟློས་གར་མ་བྱང་བའི།།
དྲང་བཞག་སྲང་ལ་འཇལ་བའི་ཚད་མ་ཞིག།
ལྔ་བདོའི་རུ་དཔུང་རྒྱས་པའི་དུས་ལ་མཁོ།།

ཚིག་རྟོག་ཚང་ཚིང་བསླས་པའི་ཕྲུ་ཁ་ནས།།
རང་འདོད་རྟོག་ཁྱུ་བཞུར་བའི་སྲུབ་ཀ་ལ།།
མི་སྲིད་སྲིད་པའི་རྨི་ལམ་འཁྲུགས་ཆ་ཅན།།
བདག་རི་དཀར་ནག་བདལ་བའི་ཁྲབ་རྟོ་མང་།།

ཡིད་བྱེད་སྒེར་ཆུས་འཚོལ་བའི་ཞེད་སྣང་གིས།།
རེ་ཆོད་གཞན་བློའི་རྟོག་པ་མེ་ལ་བསྲེགས།།
རང་ཁེ་ཐལ་རྡུལ་འཚངས་བའི་གཡོ་ཅན་དེ།།
འདུ་ཚོགས་བྱེ་ཐང་བགོམ་མཁན་མང་ཐག་ཆོད།།

འཕྲུལ་གྱི་ཆུ་རིས་བཤར་བའི་ལྡིང་ཁུག་ལ།། 
དར་གྱི་འཇམ་བུ་འདོག་ལ་གཟུགས་བཞི་ཁེན།། 
ཀུན་རྟོག་རང་མགོ་ཐོན་ལ་ངན་ཤེད་ཅན།།
དབྱུག་པས་འཕྲེད་ཐིག་རྒྱག་མཁན་ཇེ་མང་རེད།།

དོགས་ཁྱུ་སྲང་ལ་ཕྱར་བའི་སྟངས་སྟབས་ཀྱིས།།
ངན་སྨྲ་ཁྱད་གསད་བདས་པའི་ནམ་ཟླ་འཚོལ།།
རང་ཆེ་སྣང་བས་བརྒྱངས་པའི་ཨམ་ཕྲག་ནང་།།
རང་དོན་གཡེར་པོ་སྒྲུག་ལ་བྱང་ཐག་ཆོད།།

འཁྲབ་སྟོན་ཞི་ཚིག་སྒམ་པོའི་བསླུ་བྲིད་ཀྱིས།།
དུས་རབས་དྲང་བདེན་གསེར་གྱི་བྲེ་ཁ་ཆག།
བདེན་མཐའ་འགོ་རྟིང་འཛོལ་བའི་གྲུ་ཁ་རུ།།
རྒྱུ་འབྲས་ནག་པོའི་འཁོར་ལོ་སྐོར་མཁན་མང་།།

འུད་ཐུག་ཅམ་བུ་སྨྲ་ལ་ལྕེ་རྩེ་བྱང་།།
བདག་ཕྱོཌ་རང་ཁ་བསྲུང་ལ་དཔུང་ཤེད་སྦོམ།།
ཤག་གིས་སྐྱ་ཐིག་འདེབས་པའི་གྲུ་མདོ་རུ།།
བདེན་ཁ་རྡོག་རྫིད་བཏང་མཁན་ཇེ་མང་རེད།།

ཡིད་ཆེས་སྐྱ་མ་ལྷོག་གི་དུས་རབས་ནང་།།
མགོ་བོ་དྷྲ་མ་རུ་ཡི་འཕེལ་ཚོགས་གསེབ།།
མདུན་མའི་མཛུབ་སྟོན་རྒྱལ་ཕམ་གང་ཀེར་མིན།།
བྱིས་བློས་གདེང་ཚོད་ཐུབ་སའི་སྐྱེ་བོ་དཀོན།།

༢༠༢༠/༡༠/༢༦/ཉིན་/ཁྱུང་བསོད་ནམས་བློ་གྲོས་/འབོད་པས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.