གསེར་མཚོ་མཇལ་དུ་འགྲོ་ཡ།།
སུ་ཡིས་མིག་བརྡ་མ་འཕང་།།
གང་གིས་ལག་བརྡ་མ་གཏོང་།།
སྲིད་པའི་ལས་སྨོན་ཞིག་གིས།།
ལྔ་རིག་ཚང་གི་གཞིས་སུ།།
མཉམ་འཛོམས་མདུད་པ་བཙུཊ་ཡོད།།
མ་འཆུག་རྟེན་འབྲེལ་དུངས་བ།།
མི་འཆུག་རྡོ་ཡི་དམ་བཅའ།།
མ་ནོགས་རྡོ་ལ་བྲིས་པ།།
ལུགས་མཐུན་སྲིད་པ་རྒད་པོས།
ཐོག་མ་ཞིག་གི་གཏམ་རྒྱུད།།
དགའ་བའི་དགོད་སྒྲ་ཤིག་ཤིག།
སྐྱིད་པའི་གླུ་སྒྲ་སྙན་སྙན།།
ཤར་ཁོག་ཤར་རིའི་གསེར་མཚོར།།
བལྟ་བ་མིག་གི་ལོངས་སྤྱོད།།
ནམ་ཡང་ཚིམ་དུ་དཀའ་རྒྱུ།།
གཤོམ་ན་དགའ་མལ་དགོན་ཆེན།།
བགྲང་ན་གཟི་ཚྭ་སྡེ་དགུ།
བོས་ན་དུང་རིའི་གསེར་མཚོ།།
སེམས་པ་ཁྱོད་ཀྱི་ཕྱོགས་ནས།།
ནམ་ཡང་གྱེས་སུ་དཀའ་འོ།།
ཚང་ཚིང་གཡུ་ལྗང་སྔོན་མོའི།།
བསིལ་ཀླུང་ནགས་ཤོད་ལྗོངས་སུ།།
ཁྱུ་ཚོགས་ཟུངས་ཁྲག་གཅིག་པའི།།
དམར་ཡག་མཆེ་བ་བདུན་གྱིས།།
འཛུམ་དྲུག་རི་མོ་མངོན་འདུག།
མགོ་ཟླུམ་སྤྱི་ཚོགས་འགྲིམ་སྟེ།།
ངེས་མེད་གྲུབ་མཐའི་དབུས་སུ།།
ཤ་འགག་གཡུ་ཐུང་སྔོན་པོས།།
སྲིད་པ་གཡུང་དྲུང་བཙུན་པའི།།
དན་རྟགས་ཁྲོམ་དུ་མངོན་ཡོད།།
༢༠༡༤-༩-༧-ཁྱུང་བསོད་བློ་ནས།