སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38854


 
མིག་ཟུང་རྒྱང་དུ་འཕངས་གདའ།
[ 2014/8/24 7:49:00 | By: vase ]
 

         
        མིག་ཟུང་རྒྱང་དུ་འཕངས་འདུག

          སྲིད་པ་གནས་འགྲོ་བུ་མོས།།
         ཆར་རླུང་སྨུག་པའི་ས་མཐར།།
      ཟུར་མིག་རྒྱང་ནས་འཕངས་ཏེ།།
         ཡིད་མཐུན་ལྷ་ཡི་གྲོགས་ལ།།
        སྒོ་གསུམ་རེ་ལྟོས་བཅོལ་ཆེ།།

         འཕྱ་བའི་མི་ཁ་མ་འཛེམས།།
       སྨོད་པའི་ཁྲེལ་ལ་མ་བརྩིས།།
      སྦད་ཐག་ཧྲིག་ཏུ་བཅད་སྟེ།།
   གནས་འགྲོའི་ལས་དབང་འཚོལ་བའི།།
  གོམ་བསྐྱོད་རླུང་ཤུགས་ཆེར་གཏོང་།།
       
         གཞིས་ཀྱི་བེའུ་ལུག་འབྲི་མོའི།།
    གདང་ཐག་ཕྲེང་བ་མཛེས་ཀྱང་།། 
         ད་ནང་ཞོགས་པ་ཞིག་ལ།།
     ཕྱུག་བདག་གནས་འགྲོ་བུ་མོས།།
       ཁྱོད་ཚོར་ཕྱིར་བལྟས་མ་བྱས།།
     
       སྲིད་པ་གནས་འགྲོ་མ་ཡིས།།
      ཚུར་ཀའི་གཞིས་སུ་མ་ཆགས།།
     བྱིའུ་ཆུང་འཇོལ་མོའི་གཤོག་ཟུང་།།
        དུང་བའི་ཕྱོགས་སུ་རྐྱོང་ནས།།
        ཆ་མེད་ཡུལ་དུ་ཆས་སོང་།།

        ཕར་རིའི་རི་ཡི་པང་གི།
        བརྩེ་བའི་ཨོ་ལོ་བཀྲིས།།
     དུང་བའི་མིག་ཆུ་གཞུར་རོགས།།
         དྲན་པ་ལྡ་ངེ་ལྔིང་ངེ་།།
     དེ་ཡི་ཕྱོགས་སུ་དེང་སོང་།།

       མཐོན་པོའི་ལ་ལ་མ་འཛེམས།།
     དམའ་མོའི་འཕྲང་ལ་མ་དོགས།།
   བསླུ་མེད་ལས་དབང་བཙན་པོས།།
       རྒྱང་མིག་བྱང་དུ་གཏད་ཞོར།།
      སྨུག་སྤྲིན་གསེབ་ནས་བུད་སོང་།།

          བདག་པོའི་གོ་ས་མེད་ལ།།
         གཡོག་པོའི་ཨ་གླ་མེད་པའི།།
          གོ་ལུས་བུ་མོ་ཞིག་ལས།།
        རྒྱང་རིང་བྱང་ཐང་ཞིག་ནས།།
        ཁེར་གླུ་ལེན་བཞིན་ཆས་དགའ།།
     
          མཛེས་པའི་ལང་ཚོ་མེད་ཀྱང་།།
      འདུག་དབང་སྲིད་པས་མ་གནང་།།
        སྣུབས་ལྷུག་བུ་ཆུང་ཚང་གི།
      མ་གཞིས་ཐལ་འཚུབས་བཟུང་རྒྱུ།།
        གནས་འགྲོ་བུ་མོའི་ལས་རེད།།
༢༠༡༤-༨-༡༦-ད་ལྟ་ཁྱུང་བསོད་ནམས་བློ་གྲོས་ནས་བྲིས།
        
       

 
 
Re:མིག་ཟུང་རྒྱང་དུ་འཕངས་གདའ།
[ 2014/9/5 15:14:55 | By: སྐུ་མགྲོན་0FVh84(སྐུ་མགྲོན) ]
 
སྐུ་མགྲོན་0FVh84(སྐུ་མགྲོན)གནད་འགྲོ་བུ་མོ་མིན་དུས། ལས་ཀྱི་དབང་གི་ཁྲིམས་ལས། བསྐོས་པ་མེད་པ་ག་ཡིན། གདམ་ཀ་བྱེད་རྒྱུ་མེད་པའི། འདམས་ལས་གནས་མིན་བདག་དབང་།
 
 
Re:མིག་ཟུང་རྒྱང་དུ་འཕངས་གདའ།
[ 2014/9/1 19:10:59 | By: སྐུ་མགྲོན་pTKw40(སྐུ་མགྲོན) ]
 
སྐུ་མགྲོན་pTKw40(སྐུ་མགྲོན)༄༅་།གནས་འགྲོ་བུ་མོ་ང་མིན་།
ཁྲ་ཆུང་ཟུང་ལྡན་གང་ཡིན་།
རྒྱང་དུ་མི་འཕེན་གང་མེད་།
ལས་ལ་བསྐོས་པ་མ་གཏོག
གདམས་ཀ་བྱེད་རྒྱུ་མི་འདུག
 
 
Re:མིག་ཟུང་རྒྱང་དུ་འཕངས་གདའ།
[ 2014/8/31 14:17:47 | By: སྐུ་མགྲོན་817Gw3(སྐུ་མགྲོན) ]
 
སྐུ་མགྲོན་817Gw3(སྐུ་མགྲོན)ལྔ་རིགས་ཀྱི་གནས་ལ།
གོམ་ཁ་རེ་བསྒྱུར་བའི།
དྲང་བདེན་གྲོགས་ལ།
ཡིད་སྨོན་རེ་སྐྱེས་སོང་།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.