སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཙང་སྦྲ་བྱེད་པ་དེ་བྲན་གཡོག་གི་རང་བཞིན་མ་ཡིན།
[ 2016/1/3 20:30:00 | By: vase ]
 

 གཙང་སྦྲ་བྱེད་པ་དེ་བྲན་གཡོག་གི་རང་བཞིན་མ་ཡིན། 


                                                           ཁྱུང་བསོད་བློ།

འཚོ་གཞིས་བཟུང་བའི་འགྲོ་བ་རིགས་དྲུག་ཀུན་པོ་ལ་རང་གི་བདེ་སྡུག་འཕར་མའི་མདུན་བསྐྱོད་ཀྱི་གོམ་ཁ་བགྲོད་སའི་ས་ཆེན་པོའི་གོ་ལ་རེ་ཡོད་པ་སྨོས་མ་དགོས་སོ།  སོ་སོའི་ཚེ་ཁ་གང་གི་རྟེན་ཡུལ་རང་རང་དང་འབྲེལ་བའི་ཁོར་ཡུག་བཟང་པོ་འདི་ནི་རི་མཐོ་ས་གཙང་གི་ཟིལ་པ་མ་ཉམས་ལ་བསྐལ་བ་དྭངས་གཙང་གི་འབྱུང་བ་མ་འཁྲུགས་པའི་རིན་ཆེན་འབྲུ་ཡི་ལྗང་སྨྱུག་འཁྲུངས་སའི་ཞིང་ས་གཤིན་པོ་ཞིག་ལ་ངོས་འཛིན་དགོས་ཏེ། བདག་གཞི་ཡི་ལུས་རྟེན་འདི་ནི་ཞིང་ས་དེར་སྐྱེས་པའི་དྲག་ཆར་གྱི་ཐོག་རྒོད་དང་སད་སེར་གྱིས་མ་བཅོམ་པའི་དལ་འབྱོར་གསེར་གྱི་སྨྱུག་གུ་བཟང་པོ་དེ་ཡིན་ནོ།  རྒྱུན་པར་རང་གི་གཟུགས་པོ་འདི་ལ་གཅེས་སྐྱོང་བླ་མེད་བྱེད་དགོས་ཡ་དེ་ཆོས་དང་འཇིག་རྟེན་གཉིས་ཀྱི་བྱ་བ་གང་ཞིག་སྒྲུབ་པ་ལ་སྐུ་ལུས་འདི་ཐུན་མིན་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཤེས་དགོས། བྱ་གཞག་བཟང་ངན་ཅི་ཞིག་སྒྲུབ་པ་ལ་ཡོད་པ་བརྒྱ་ལས་མཆོག་གྱུར། མེད་ན་མི་རུང་བ་དང་མེད་ན་མི་ཆོག་པའི་རྟེན་ཁྱད་པར་ཅན་དེ་གང་རེད་ཟེར་ན་དལ་བརྒྱད་འབྱོར་བཅུའི་ལང་ཚོ་འདི་ཡིན་པ་གདོན་མི་ཟའོ། དགེ་སྒྲུབ་སྡིག་སྤང་གི་ངོས་ནས་བཤད་ན་ལུས་རྟེན་གསོ་བའི་ཟས་ཀྱི་ཉིང་བཅུད་དམར་ཟས་དང་འབྲུ་རིཌ་སོགས་ལ་རོལ་ཆེ་ན་ཐར་པའི་འགྲམ་རྡོ་དང་ངན་སོང་གི་སྒོ་འབྱེད་འགྲོ་ཚུལ་སོགས་ཀྱི་ཉེས་དམིགས་བྱེ་མའི་ལ་དགུ་ལས་མ་ཚད་པར་གསུངས་ཡོད་ཀྱང་། རང་རང་གིས་བྱ་གཞག་རླབས་ཆེན་ཞིག་དང་ཡུན་རིང་ཞིག་སྒྲུབ་འདོད་ན་ཟས་སྤྱད་སྤང་ཕྱོགས་ལ་རན་ཚོད་ཟིན་པ་ཞིག་མེད་ན། དུས་ཡུན་རིང་པོ་ཞིག་ལ་དགེ་བ་སྒྲུབ་པའི་གོ་སྐབས་བརླག་ཉེན་དང་དགེ་བ་སྒྲུབ་མཚམས་དང་བྱ་བཟང་བསྐྲུན་མཚམས་འཇོག་སྔ་བའི་རྒྱུ་རུ་འགྲོ་ཉེན་ཆེ་འདུག་སྙམ། དགེ་སྡིག་གཉིས་ཀྱི་རྟེན་གཞི་རང་ལུས་གསོ་བ་ལ་ཕྱི་ཡི་གཙང་སྦྲ་དེ་གལ་ཆེན་ཞིག་འཛིན་ནས། ཞོགས་པར་སོ་དང་ཞལ་རས་ལ་སྙིག་སེལ་དང་དགོང་མོ་རྐང་པ་དང་ལུས་ཕུང་ལ་གཤར་བསྐྲུ་དྭངས་སང་སང་ཞིག་བཟོ་རྒྱུ་དང་། ཉིན་གུང་རང་གི་སྡོད་ཁྱིམ་ཕྱི་ནང་དུ་མེ་སྐྱོན་སྔོན་འགོག་དང་གཞོབ་དུད་དྲི་སེལ་འགྱིག་ཤོག་རླུང་ཁྱེར་དེ་ཚོ་ལ་གཙང་སེལ་དོ་སྣང་གལ་ཆེན་ཞིག་དགོས་རྒྱུ་དང་། རང་གི་འབྱུང་བཞིའི་ཕུང་པོ་འདི་ཁོད་སྙོམ་དང་མི་སྙོམ་དེ་ཁོར་ཡུག་འདི་ལ་འབྲེལ་བ་ཆེ་བས། རང་ཉིད་ཁོར་ཡུག་གི་སྒོར་ཆས་སྐབས་ས་གཙང་ཆུ་གཙང་གི་རི་ངོས་སུ་ཡུལ་ལྷ་འདྲོགས་པའི་དྲི་ངན་དང་། ཤ་ཟ་འདྲེ་སྲིན་གྱི་གཟུགས་མེད་དངངས་སྐྲག་ཤོར་བའི་སྐད་ངན་བསྒྲག་མི་རུང་བ་དང་།  རང་བྱུང་གི་ལྗོན་ཤིང་འདབས་མ་སྟོང་ལྡན་གྱི་ནགས་ཚལ་སྐེ་བྲེགས་ནས་སྟེང་སློག་འོག་བསྒྱུར་མ་ཤོར་བ་རང་གི་གནས་ཡུལ་ལ་རང་གིས་གཅེས་སྐྱོང་བྱེད་ཐུབ་པ་གལ་ཆེའོ། འཇིག་རྟེན་གྱི་གླིང་ཁ་ཞིག་བགོམ་སྐབས་ཕྱི་ཡི་རང་གི་སྡོད་གནས་དང་ཁོར་ཡུག ནང་གི་ངོ་གདོང་དང་གཟུགས་ཕུང་ལ་རྒྱུན་པར་གཙང་སྦྲ་བྱེད་རྒྱུ་དེ་རང་གིས་རང་ལ་ཚེ་སྲོག་འཚོ་བའི་ཞབས་ཞུ་ཞིག་མ་གཏོགས་ཉིད་ཀྱིས་ཉིད་ལ་བཀའ་བཀོད་བཙན་པོའི་བྲན་གཡོག་ཅིག་རྩ་བ་ནས་མིན་ནོ།།  


༢༠༡༥/༡༢/༢༦/ཉིན་ཞོགས་ཇ་ཕོར་གང་ཚེ་ལ་འཁྱུག་གོ།


 
 
Re:གཙང་སྦྲ་བྱེད་པ་དེ་བྲན་གཡོག་གི་རང་བཞིན་མ་ཡིན།
[ 2016/5/10 14:27:59 | By: YGRBWJ ]
 
YGRBWJཁ་ཚ་དགོས་གཏུག་གི་སློབ་གསོ་གནང་བར་ཐུགས་རྗེ་ཆེ།།
 
 
Re:གཙང་སྦྲ་བྱེད་པ་དེ་བྲན་གཡོག་གི་རང་བཞིན་མ་ཡིན།
[ 2016/5/10 14:24:07 | By: སྐུ་མགྲོན་0gw3AM(སྐུ་མགྲོན) ]
 
སྐུ་མགྲོན་0gw3AM(སྐུ་མགྲོན)
བཀླགས་ནས་བུད་ཡོད། ངོ་མ་ཡག་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.