སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རེ་བ་འགྲུབ་ལ་ཉེའོ།
[ 2016/2/22 18:43:00 | By: vase ]
 

རེ་བ་འགྲུབ་ལ་ཉེའོ།


                                              ཁྱུང་བསོད་བློ།


ལས་ཉོན་འདུ་ལོང་རྒོད་པོའི་ཚོར་བའི་གསེབ་དང་།།

སེམས་ཀྱི་ཤ་དང་རུས་པ་ཉེ་ས་ཞིག་ནས།།

ཤེས་བྱའི་ལ་རྒོད་གཤག་ལ་རེ་བ་བཅང་པ།།

སྡོང་གྲོཌ་ལྷ་ལ་ཞུས་པའི་ལས་དོན་འགྲུབ་རན།།

ཁྱོད་ཚོ་རེ་བའི་རྒྱལ་པོའི་རེ་བ་བརླགས་མེད།།


ཀ་བཞི་གདུང་དྲུག་ལྕམ་གྱི་ཁྱིམ་ཚང་ཞིག་དང་།།

ཡང་མེས་མི་རབས་སྟོང་གི་ཐབ་རྩ་ཞིག་ནས།།

ནངས་ནུབ་ཤུཌ་སུ་བོས་པའི་ཕ་མའི་སྨོན་པ།།

ལ་རྩེ་རྐང་པས་མནན་བཞིན་འགྲུབ་ལ་ཉེ་སོང་།།

ཁྱོད་ཚོ་རེ་བའི་རྒྱལ་པོའི་རེ་བ་བརླགས་མེད།།


མགོན་གྱི་སློབ་དཔོན་ཆེན་མོས་བརྩེ་བ་ཟབ་ས།།

བྱམས་ཀྱི་ཕ་མ་ཕུ་ནུས་དུང་བ་ཆེ་ས།།

ཟབ་གདམས་མཆེད་པོ་ཤག་གིས་སེམས་པ་ཐིམ་ས།།

ཡ་མེད་ཁེར་རྐྱང་བློ་བདེའི་གྲྭ་རྐྱང་བདག་གི།

ལོ་མང་དཀའ་ཚེཌ་སྟོང་གི་ལག་རྗེས་འགྲུབ་རན།།


ཀི་ཀི་ལ་རྩེ་གསོལ་བའི་ཉིན་མོ་ཞིག་ལ།།

སྤུན་ཤག་དགོད་སྒྲའི་དཔལ་ལ་ཤུཌ་སུ་བཀྱོན་པའི།།

གནམ་ལོའི་ལྟས་བཟང་སྐར་མ་ཚེས་ལ་རན་ཡོད།།

དྲིན་ཅན་མིང་སྲིང་ཕུ་ནུས་ཡུན་རིང་ཞིག་ལ།།

སྒོ་གསུམ་ཤུགས་སུ་བོས་པའི་རེ་བ་བརླགས་མེད།།


ཚེ་གཅིག་ཟ་ཁ་གདངས་མཁན་གྲྭ་རྐྱང་ཉིད་ལ།།

བཅུ་རིག་ཉིང་བཅུད་བསྩལ་བའི་སློབ་གླིང་ཁྱེད་དང་།།

བརྩེ་སེམས་བདག་ལ་ཐིམ་པའི་ཕ་མ་ཕུ་ནུས།།

བཟས་ཆས་གོ་སྒྲིག་ནོམ་པོའི་བཀའ་དྲིན་དེ་ནི།།

ནམ་ཡང་སེམས་ཀྱི་མཐིལ་ནས་བརྗེད་ཐབས་མེད་དོ།།


བཤད་གྲའི་གངས་ལ་དཀར་པོ་གཤག་འདོད་ཆེ་བས།།

དཀའ་ཚེཌ་གྲངས་མེད་འཕྲང་ལ་ཤེད་དུ་བསྲན་ཏེ།།

གྱ་གྱུ་འཕར་ལྡིང་མང་པོའི་ཚོར་བའི་གསེབ་ནས།།

ཡིད་ཆོད་རྒོད་པོའི་དམ་བཅའ་རྡོ་ལ་བཞག་སྟེ།།

དཀའ་བ་བརྒྱ་ཡི་ལས་མཐའ་འཁྱོང་ལ་རན་ཡོད།།


ཡོད་ཚད་སེམས་ཀྱིས་དཀར་དཀར་ང་ལ་མཆོད་མཆོད།།

ནུས་ཚད་ཡོད་རྒུ་རྩལ་གྱིས་ང་ལ་བསྟོད་བསྟོད།།

བྱམས་ཀྱི་ཕ་མ་ཕུ་ནུས་ང་ཉིད་བསྐྱངས་བ།།

ཤ་དང་རུས་པའི་གསེབ་ནས་ཕྱིར་དྲན་ཤོར་སོང་།།

སྒོ་གསུམ་ཐལ་མོ་སྦྱར་བཞིན་བཀའ་དྲིན་ཞུ་རྒྱུ།།


༢༠༡༦/༢/༡༣/མཉམ་མེད་དུས་ཆེན་ཉིན་བཀའ་དྲིན་མཁན་སློབ་ཟུང་གིས་ངེད་ཅག་ལ་བཀའ་རམས་པའི་མཚན་བཟང་གནང་ཉིན་མོར་བྲིས་སོ།།


 
 
Re:རེ་བ་འགྲུབ་ལ་ཉེའོ།
[ 2016/2/22 19:27:27 | By: ཁྱུང་མེ་རལ།(སྐུ་མགྲོན) ]
 
ཁྱུང་མེ་རལ།(སྐུ་མགྲོན)Re:རེ་བ་འགྲུབ་ལ་ཉེ་བ་ལ་བར་ཆོད་མེད་པའི་སྨོན་ལམ་འདེབས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.