སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38434


 
རྨི་ལམ་ནང་གི་མཚོ་བྱའི་ཞེན་ཆགས།
[ 2020/12/5 20:31:00 | By: vase ]
 


རྨི་ལམ་ནང་གི་མཚོ་བྱའི་ཞེན་ཆགས། 

ཁྱུང་བསོད་བློ།


མཚོ་བྱ་ངང་པས་ཟུར་མིག་ཤར་ལ་འཕངས་དུས། 
མཚར་སྡུག་ལུས་ཀྱི་གཞོན་ཤ་ལུ་གུ་དཀར་ཆུང་། 
དྲོད་འཇམ་གསང་བའི་ཁུད་ལ་དལ་བུར་རེག་ནས།  
མ་བཅོས་བཞིན་གྱིས་མོལ་བའི་འཛུམ་མོལ་ཡོད་དམ།


འཁྱགས་རུམ་རིམ་པ་དགུ་ཡི་བད་ཀ་བརྩེགས་ཀྱང་།
ཞེ་འཁངས་ལན་ཆགས་སྙོགས་པའི་སུན་སྣང་མ་སྐྱེས།
གཏིང་ཆེན་མཚོ་མོའི་དཀྱིལ་ལ་ཁེར་སྡོད་བྱས་དུས།
ལན་མང་བཤུམ་པའི་མིག་ཆུ་མཚོ་ལ་བསྲེས་ཡོད།

 
དྲོད་ཀྱི་སྐམ་ཐིགས་མེད་པའི་གཤེར་བག་གྱོན་ལ།
ཤར་མཐའ་གཙང་པོའི་གན་ནས་ཕྱི་མིག་ཅེར་བས།
སྤྲིན་དཀར་ཐུ་ལུ་ལྡིང་སའི་འཕང་ལམ་མཐོང་དུས།
ཐང་དཀར་ཡིན་ན་བསམ་པ་ཐེངས་དགུ་དྲན་མྱོངས།


ང་ཡི་ལྕགས་རི་ཁྱུད་མོའི་ཆུ་མཚམས་དེ་ནས།
འདམ་སྐྱེས་པད་ལོ་དཀར་པོ་གྲོལ་ཁ་མཛེས་ཀྱང་།
གནམ་རྡོ་གོར་མོའི་དུས་བཞིའི་འགྱུར་ཀ་ཚ་བས། 
ཉིང་བཅུད་ལན་མང་འཇིབ་པའི་སྐལ་བ་ཉུང་སོང་།


གཉིད་ཀྱི་གཟན་རྩྭ་མོད་པའི་ཨམ་ཕྲག་ནང་ནས།
ཁྱོད་ལ་འདྲིས་པའི་བག་ཆགས་ཧྲིལ་ལོག་རྒྱག་བཞིན།
དམར་པོ་སེམས་ཀྱི་སྐད་ཆ་གཡུང་ལ་ཕབ་དུས།
ཁྱོད་ཀྱི་ཆ་བྱད་གླེང་བ་ཉུང་ཉུང་མ་ཡིན།


ནམ་ཕྱེད་རྨི་ལམ་ཞིག་གི་འཕྲུལ་དུ་རྫུས་ནས།
ཁ་དང་ལག་པས་ང་ལ་བྱིལ་བྱིལ་བཏང་དུས། 
ཞེ་མདངས་མེ་ལྕེ་དམར་མོས་ཁྱོད་ཉིད་བསྲེགས་པ། 
བདག་ཡིད་ཨ་འཐས་ཆེ་བའི་ལན་པ་ཡིན་འགྲོ།


སྔོ་བསངས་བུ་མོས་སྐྱ་རེངས་འཕྲེད་ནས་བརྐྱངས་ལ།
སྲིན་བྱ་སེར་པོའི་ཐན་སྐད་མལ་ནས་འཇག་དུས།
བྱིའུ་ཆུང་ཅོ་ཀའི་སྨྲང་སྐད་རྣ་རྩར་བསྲིངས་པ།
དུང་བ་དབྱངས་ཀྱིས་བསླས་པའི་ཞེན་ཆགས་ཡིན་འགྲོ།


མཚམས་སྤྲིན་སེར་པོའི་ཆར་གདུགས་ཀླད་ནས་ཕུབ་ལ།
དབྱར་གཞུང་སྒེག་མོས་གཡུ་ཡི་རྩི་གདན་བཏིངས་ཏེ།
སྲིད་པ་ཆགས་ནས་གྲོས་མཐུན་གྲབ་གཤོམ་བྱས་པས།
གནམ་སའི་ཆ་ལངས་བར་ནས་ཁྱོད་གཉིས་མ་འཐོར།


ཆབ་ཀྱིས་གྲམ་པ་བརླན་ཀྱང་ཞེ་མདངས་གཙང་ལ།
ལས་ཀྱིས་ལུས་པོ་རུལ་ཀྱང་མདུད་པ་དམ་པས། 
ལན་ཆགས་མཚོ་ལ་བྲིས་པའི་ཆུ་རིས་ལྗང་ཁུ།
གནམ་གྱི་ཕྱེད་ཀ་ཡིན་པས་གཏན་བྲལ་མ་གྱེས།


༢༠༢༠/༡༢/༥/ཉིན་གྱི་ཞོགས་པར་བྲིས།
 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.