སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 11 >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 39183


 
བག་ཆགས་དཀར་པོ
[ 2020/11/4 16:48:00 | By: vase ]
 
བག་ཆགས་དཀར་པོ།


དབྱངས་གསལ་སོག་སླས་བྱས་པའི་འུར་ཆ་ཞིག་ལ།།
ཚིག་གི་སྒྱུ་འཕྲུལ་ཚང་བའི་རོལ་ཆ་ཞིག་དང་།།
སྨྱུག་གི་ཁ་ཕྲུ་དཀར་པོའི་མངར་ཆ་དགོས་པས།།
ལྷ་མོ་དབྱངས་ཅན་མ་ལ་གསོལ་འདེབས་ཞུ་འདོད།།

ཉམས་ཀྱི་ལང་ཚོ་རྒྱས་པའི་མཚེར་ས་ཞིག་ནས།། 
སེམས་ཀྱི་མེ་ཏོག་བཞད་པའི་དབྱར་ཟླ་ཚེས་དུས།།
ཟེ་འབྲུ་ཡིད་ལ་བབས་པའི་བག་ཆགས་དཀར་པོ།།
ནམ་ཡང་ཡལ་བ་མེད་པར་ཡང་ཡང་ལྡང་སྲིད།།

ཁ་དོག་སྐྱོ་ཉམས་དོད་པའི་ནམ་ཟླ་ཞིག་གིས།།
བག་ཆགས་སྐྱི་བསིར་སྡེབ་ནས་རྒྱང་ལ་བཀར་དུས།།
ལན་ཆགས་སྟོང་གིས་བསྙོགས་པའི་ཕྱི་དྲན་དྲོད་མོས།།
ཁ་བའི་རྐང་རྗེས་འདེད་མཁན་བགྲང་ཚོད་མེད་དོ།།

ཁ་སྒོ་སྐྱེ་འབྲས་ལེགས་པའི་ཚད་ཅིག་མ་རྫོགས།།
འཚོ་བ་ངན་ངོན་ཙམ་ལས་རྒྱས་སྤྲོས་མེད་ཀྱང་།།
ཞེ་མདངས་སེམས་པ་དཀར་པོའི་བློ་ཞིག་ཡོད་ཚེ།།  
ཚེ་ཁ་སྐྱིད་ཀྱི་ཉི་མ་ཀླད་ནས་ཤར་སྲིད།།

སེམས་ཀྱི་འཕང་ལམ་ཡངས་པའི་བད་འོག་ཅིག་ནས།། 
སྐར་ཁྱུ་འཁྱགས་འདར་ཤོར་བའི་དགུན་གཞུང་ཚེས་དུས།།
ལྷགས་ཀས་འཁྱག་རུམ་རྩེག་པའི་སྒང་ཟེ་འགྲིམ་མཁན།།
ཟླ་བ་ཁེར་བཞུད་བྱས་པའི་གཏམ་རྒྱུད་མང་ངོ་།།

ལང་ཚོ་ན་མ་སོན་པའི་སྐྱིད་སྡུག་གསེབ་ཏུ།།
མཚར་འབྲས་སྟོབས་མ་རྫོགས་པའི་སྐྱོ་ཉམས་དོད་ཀྱང་།།
བག་ཆགས་ལན་བརྒྱ་འཇོག་པའི་ཟུར་མིག་རྣོན་པོས། 
དུང་བའི་འཛུམ་ཞགས་འཕེན་མཁན་ཉུང་ཉུང་མ་ཡིན།།

དུང་བ་མངར་མངར་ཞིག་ལ་མྱོང་རོལ་མ་བྱས།།
སེམས་པ་དམར་དམར་དེ་ཡིས་གཅེས་གཅེས་མ་བྱས།།
ཉམས་ལ་ཡ་ལན་མེད་པའི་ཁེར་ཚུགས་བསྐྱེལ་ཡང་།།
རྒྱུད་ལ་གོ་རྟོགས་ལོན་མཁན་ཉུང་ཉུང་ཡིན་ཚོད།།

སྣང་བའི་ཐལ་ཞག་འཁྲིག་པའི་ས་མཐའ་ཞིག་ནས།།
སེམས་པའི་ཞེ་མདངས་དཀར་སའི་གྲོགས་པོ་གླེང་དུས།།
སྐྱིད་སྡུག་བཞུད་ལམ་གཅིག་པའི་སྐྱེ་བོ་སུ་ཡིས།།
ཁ་ཆག་སྣ་རལ་ཤོར་བའི་རེ་དོགས་མི་དགོས།།

༢༠༢༠/༡༠/༡༡/ཉིན་གྱི་ཞོགས་པར་-ཁྱུང་བསོད་ནམས་བློ་གྲོས་-འབོད་པས་བྲིས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.