སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2023 - >  >>
12
3456789
10111213141516
17181920212223
24252627282930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38440


 
མཆོད་ཚིག་ག་པུར་ཐིགས་པ།
[ 2023/9/24 20:28:00 | By: vase ]
 

ཚངས་སྲས་མགྲིན་པ་འདར་བའི་མཆོད་ཚིག་ག་བུར་ཐིགས་པ།

ཚོར་བའི་མེ་དཔུང་། 


བོན་ཉིད་ནམ་མཁའ་ལྷ་ཡི་ལམ་ནས་བདེན་པའི་གན༵ས་ལུ༵གས་གཏན་ལ་དབབ་པའི་གཏ༵ན་ཚི༵གས་ཆེ།།

རྣ༵མ་མཁྱེ༵ན་རིག་པའི་རྒྱལ་པོ་འཆང་སྟེ་བསོད་ནམས་སྟོང་གི་འདབ་མ་བཞད་པའི་ལྷ༵་ཡི་མི༵ག 

ཐབ༵ས་ཤེ༵ས་གཉིས་ཀྱིས་རི་ཆུ་གཤག་སྟེ་བྱམས་སེམས་འབུམ་གྱི་མུ་ཏིག་མཛེས་པའི་གཡུང་སེམ༵ས་དཔ༵འ།།

ལེགས་བྱས་དཔག་བསམ་ལྗོན་པོ་བརྒྱན་ཏེ་ངོ་བོའི་སྐྱེད་ཚལ་གཙང་ཞིང་དྭངས་བའི་གཙ༵ང་ཁྲིམ༵ས་པ།།


མ་རྙོག་དྭངས་མའི་མདོག་གིས་རབ་མཛེས་དགེ༵་ལེ༵གས་ཆུ་འཛིན་དཀར་དམར་དྲྭ་བའི་ལྟོ་བ་རུ།།

ཡེ་ནས་ལྷུ༵ན་འ༵གྲུབ་འདུ་མ་བྱས་པའི་གནས་ལུགས་རང་ཤར་ར༵ང་རི༵ག་རྒྱལ་པོ་འགྲོ་བའི་མགོན།།

དབུ༵་མ༵འི་ལྟ་བ་སྣང་བའི་ལམ་ནས་རྒྱན་གྱིས་བདོག་པའི་རི༵ན་ཆེ༵ན་གསེར་ཐག་སྤུངས་སེ་སྤུངས།།

རྣམ་རྟོག་རེ་ཞིག་ཅི་ཡང་མི་མངའ་རྫོ༵གས་པ༵འི་སྐུ༵་ཡི་སྟངས་སྟབས་འགྱིང་བའི་ལང་ཚོ་སྨིན།།


ཤར་ནུབ་འཛིན་མའི་ཀློང་དུ་གཡོས་པའི་སྣ་ཚོགས་འགག་མེད་ཐོར་གཙུག་བཅིངས་པས་རྩོད་གློག་འཁྱུག 

ཕས་རྒོལ་ལོག་ལྟའི་གདོང་གི་གསེང་ན་ཟིལ་གནོན་ཁྱུང་གིི་གཤོག་ཟུང་བརྐྱངས་པའི་ཐོག་གི་མདའ།།

གཡུང་དྲུང་བསྟན་པའི་ཀ་ཆེན་གྱེན་དུ་ཡང་ཡང་འདེགས་པའི་གཉིས་དག་ཡང་རྩེར་སོན་པའི་བུ།།

ཉིན་མཚན་བརྩོན་པའི་བློ་གྲོས་མ་མོག་ཕྱི་གསལ་གསེར་གྱི་མེ་ལོང་འཆང་པས་སློབ་འབང་ཁྱུ།།


སྣ་ཟིན་སྤུ་ཟིན་ཙམ་ཞིག་མ་ཡིན་འཆ༷ད་པའི་འགྲེལ་ལ་རྟགས་དང་རྒྱུ་མཚན་ལག་གདངས་སྦྲེལ།།

མཁས་མང་འདུས་སར་གདང་རའི་དཀྱིལ་དུ་རྩོ༷ད་པར་ཞུགས་ན་ཐང་དཀར་ལྡིང་སྐོར་རྒྱག་པ་འདྲ།།

བློ་གྲོས་སྤྱན་ཟུར་འཇིངས་ཤིང་ལྡན་ཏེ་རྩོད༵མ་པའི་ནོར་ལ་གོམ་འགྲོས་བཙན་པའི་སྒྱུ་རྩལ་ཆེ།།

གང་ལྟར་ལུང་དང་རིགས་པའི་སྤུ་གྲི་གད་གདར་ཆོད་པས་སྨག་རུམ་སྟོང་གི་ཉི་གཞོན་མ།།


རླབས་ཆེན་སྙི༵ང་རྗེ༵འི་འོད་སྣང་བརྐྱངས་པའི་ལྡེམ་དགོངས་མ་ཡིན་བྱམས་བརྩེའི་གང་གྭ་སྔོ་ལྗོངས་ཟབ།།

སྐྱ་རེངས་ནུ་བོ་ཐོག་མར་འཚེར་ཚེ་སློ༵བ་མ༵འི་མདུན་ལམ་ཉག་ཅིག་བསམ་པའི་ཟློས་གར་སྐྱེན།།

དྲི་བཟང་སྤོས་ཀྱི་འཕྲུ༵ལ་ཡི༵ག་བཞད་དེ་མགུར་གྱི་དབྱིངས་སུ་ལྐུགས་ཁ་འབྱེད་པའི་ལྡེ༵་མི༵ག་འཛག 

ལུ༵གས་གཉི༵ས་དབྱངས་ཀྱི་འཕྲུལ་འཁོར་བཅིངས་ཏེ་སྤྱི་རྒྱ་རླབས་ཀྱིས་དལ་བུར་བསྐྱོད་པའི་གཙུ༵ག་གི་ནོ༵ར།།


བཤེས་གཉེས་དམ་པ་ཁྱེད་དང་མཇལ་བའི་སྐལ་བ་འདི་ནི་སྔོན་གྱི་བསགས་པའི་བདག་རྐྱེན་གྱིས།།

ཐ་ཤལ་ནུས་མེད་ཝ་མོ་ལྟ་བུའི་བདག་དང་བདག་འདྲ་སེམས་ཅན་རྣམས་ཀྱི་བསོད་ནམས་ལགས།།

མ་རིག་མུན་སེལ་དགེན་གྱི་སྐུ་ལ་བར་ཆད་མེད་ཅིང་བསམ་དོན་འགྲུབ་པའི་སྨོན་འདུན་རིང་།།

གཡུང་དྲུང་ལྷ་ཡི་དབུས་ན་སྤ་བའི་བསྟན་བསྲུང་མ་བདུད་བཙན་གྱི་ཐུགས་རྗེས་བཟུང་དུ་གསོལ།།






 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.