སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38442


 
ཚོར་རྟོག་ཆུ་མིག་དགུ་བསླས།
[ 2020/2/26 12:41:00 | By: vase ]
 

ཚོར་རྟོག་ཆུ་མིག་དགུ་བསླས།



ཚོར་བ་གཉུག་མའི་ཉག་ཀ་ནས།།

ལྕང་ཕྲན་བྱ་ཁྱུ་གཤར་ལ་བསྡེབས།།

སེམས་པ་ཁེན་སའི་གད་ཁུག་ནས།།

ཚོར་རྟོག་ཆུ་མིག་དགུ་བསླས་བསྟར།།


གྲོས་ཆར་མོལ་བའི་འབབ་ཁུགས་ནས།།

རྒུན་ཆང་བསྙལ་བའི་ཨམ་ཕྲག་ཁུད།།

སྨིན་ཟུང་ན་རོ་འཁྱུག་ཐེངས་ཀྱིས།།

དང་ཀ་བདེ་བའི་ས་རུ་བརྙབས།།


རྨི་ལམ་དཀྲོགས་པའི་ཐུན་མཚམས་ནས།།

ཟློས་གར་སྟོང་གིས་གར་མཁན་འཁྲབ།།

རྣམ་ཤེས་གསོན་ལུས་ཐེངས་དགུ་བརྗེས།།

ཨོ་མདུད་དགུ་ཡི་ཞགས་པ་གཡུག།


དགུ་ཚིག་བརྐྱངས་པའི་མཁའ་མཐའ་དང་།།

གཟའ་སྐར་གཤར་བའི་རྐྱ་བར་ནས།། 

སྨག་ཅན་གཤགས་པའི་དགུན་རེག་གིས།།

ལུག་ཆུང་ཚར་དཀར་བསྐྱེངས་སུ་བཅུགས།།


ཚོར་བ་དགུང་དུ་བཀན་ས་ནས།། 

ངོས་ལ་འཕྲེད་ཐིག་བཏབ་གྲབས་ཀྱིས།།

སྤྲིན་དཀར་སྤུངས་པའི་ཕྱེ་མ་ལ།། 

ཡིད་མཐུན་ཞེ་ཆགས་ལན་དགུ་སྐྱེས།། 


དུང་ཤོག་དཀར་པོའི་ཕུང་བ་རུ།།

སྨྱུག་སོས་གར་ལ་རྩེད་སྟབས་ཀྱིས།།

ཡིག་འབྲུ་ནག་པོའི་སྣག་ལམ་ནང་།།

བརྗོད་བྱ་གོག་མ་སྦུད་ཀྱིས་བསྐྱེལ།།


ལང་ཚོ་བརྡེབས་པའི་འཆར་ཡན་གསེབ།།

ལོ་ཟླ་བརྩེགས་བའི་ཚེ་མཁར་ནང་།།

སྐྱིད་སྡུག་སྐྱ་ཡའི་མུག་གཏམ་གྱིས།།

ཚོར་བའི་དཀར་ཤོག་རླན་ཐེངས་མང་།།


རུ་སྤུང་འཐུག་པའི་ལྔ་བདོ་རུ།།

འཕོ་འགྱུར་ཚ་བའི་དུས་ཚིག་ལ།།

ལག་འཇུ་མང་བའི་སྟབས་ཀ་ནས།།

མི་ཚེ་མགྱོགས་བྲེལ་ངང་དུ་རྫོགས།།


ངན་ངོན་འཚོ་བས་ལང་ཚོ་གསོས།། 

ལས་ཉོན་ལྗི་མོས་གཟུགས་བཞི་བརྒྱངས།། 

གསོན་ཐག་ཚེ་ལ་དབང་ཐང་མཐུད།། 

ཚེ་ལོ་ཧྲིལ་གཅིག་མགྱོགས་མྱུར་རྫོགས།།


རྒྱུ་མཐུད་འཇིག་རྟེན་ནག་པོའི་པང་།།

ལས་ཉོན་རུ་མ་བསྡེབས་ཚོད་མེད།།

ལོ་ཟླ་བརྩེགས་པའི་དཀྱོགས་མཚམས་སུ།།

ལང་ཚོའི་འགྱུར་བའི་ལོ་ཚེས་གྲབས།།


ལས་ཀླུང་རྡེབ་པའི་སྒུལ་ཤུགས་ཀྱིས།། 

གཟུགས་བཞི་དར་ལྕེ་ཟད་གྲབས་ལ།།

སེམས་པ་འཕངས་པའི་ཐུ་འོག་ནས།། 

གཞོན་ནུའི་ལང་ཚོར་འཇུངས་གེགས་བྱུང་།།


དཀར་ཆ་ཟླུམ་པོའི་ཞལ་ཁྱིམ་ལ།།

ལོ་ཟླ་ཟད་པའི་ནག་དྲེགས་ཀྱིས།།

གཉེར་མའི་ལྡེབས་རིས་མ་ཚེམས་བར།།

ཚོར་གསུམ་དབྱར་གཞུང་སྤང་ལ་བསྲེ།།


༢༠༡༩/༡༢/༣༡/སྤྱི་ལོ་༢༠༡༩/ལོ་ཡི་ཉིན་ཐ་མའི་ལག་བྲིས།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.