སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38459


 
ང་དང་ཁྱོད་ཁྱད་མེད།
[ 2020/2/25 17:11:00 | By: vase ]
 


ང་དང་ཁྱོད་ཁྱད་མེད།


ལྷོད་བབས་གཉོམ་ཚུགས་ཇི་ལྟར་ཆེ་ན་ཡང་།། 

བཟང་ངན་གྲལ་དུ་བསྐྱོད་པའི་སྐྱ་ཐིག་ནང་།།

སོ་སོའི་ཁ་དང་ལག་པའི་སྟངས་སྟབས་འོག།

མགོ་རྣ་མི་བསམ་མཁན་ཞིག་དཀོན་པོ་རེད།། 


བེམ་རྒོག་ཆེ་ཚུགས་ཇི་ལྟར་མཁས་ན་ཡང་།། 

ལྟ་བ་རྟོགས་ནས་ཞེན་འཛིན་ཞིག་མདོག་དང་།། 

སྤྱོད་པ་ཞིབ་ནས་རྒྱུ་འབྲས་དྲང་ཚུགས་ངང་།།

མགོ་རྣ་མི་བསམ་མཁན་ཞིག་དཀོན་པོ་རེད།།


སྟོབས་ཆེན་ཐབས་རྒྱ་ཇི་ལྟར་སྒམ་ན་ཡང་།། 

དོན་ཆེན་ལས་མཐའ་བསྐྱང་བའི་གར་རྩེད་ལ།།

རླབས་ཆེན་སྒྲུབ་པའི་ལྟ་བའི་སྲོག་ཤིང་གི།

མགོ་རྣ་མི་བསམ་མཁན་ཞིག་དཀོན་པོ་རེད།།


ཚོགས་གཉིས་དགེ་རྩ་ཇི་ལྟར་བསཊ་ན་ཡང་།། 

ཡིད་གཉིས་བློ་ཡི་འཛིན་པ་ཕྱགས་སུ་ཕུད།།

སྒྲིབ་གཉིས་ཐག་པའི་རྒྱ་མདུད་མ་ཞིག་བར།།

མགོ་རྣ་མི་བསམ་མཁན་ཞིག་དཀོན་པོ་རེད།།


ཁ་བཤད་སྟོང་བསམ་ཇི་ལྟར་བསྒྲགས་ན་ཡང་།།

བསམ་ཚུལ་ལྟ་བ་རིས་སུ་མེད་མདོག་དང་།། 

ལྟ་ཚུལ་འཇིག་རྟེན་ཀུན་ལ་སྙོམ་ཚུགས་ཅན།།

མགོ་རྣ་མི་བསམ་མཁན་ཞིག་དཀོན་པོ་རེད།།


ཕྱི་ཡི་ཚུགས་ཀ་ཇི་ལྟར་སྒམ་ན་ཡང་།།

ནང་གི་གྲགས་འདོད་སྙེམ་བློ་མ་ལྡོག་བར།།

ལུས་ཅན་སངས་མ་རྒྱས་པའི་སེམས་ཅན་ལ།།

མགོ་རྣ་མི་བསམ་མཁན་ཞིག་དཀོན་པོ་རེད།།


ངོས་ཡག་འཁྲབ་སྟོན་ཇི་ལྟར་མཁས་ན་ཡང་།།

མྱི་ཆེན་ཁ་ལག་འགུལ་བའི་ཕྱག་རྒྱ་ལ།། 

སྣ་ཚོགས་ལྷ་འདྲེའི་གོ་དོན་གབ་ཡོད་པས།།

དེང་རབས་དོན་གྱི་ཡིད་ཆེས་བྱེད་ཡུལ་དཀོན།།


ཚོར་འདུ་ཚ་གྲང་རྣམ་རྟོག་མ་འགག་བར།། 

འདི་འདྲའི་ཚིག་ཉོབ་རྫོགས་སུ་མེད་པ་ལ།།

དེ་འདྲའི་གནས་ཚུལ་ཟད་དུ་མི་སྲིད་ཀྱང་།།

དཀྱུས་གཏམ་བྲི་མཚམས་དེ་རུ་འཇོག་རྒྱུ་གྱིས།།


༢༠༢༠/༢/༢༥/༥/༥/བསོད་ནམས་བློ་གྲོས/ནས།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.