སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38506


 
འཁོར་བ་འདི་ལ་སུན་སྣང་ཆེ།
[ 2020/2/25 17:14:00 | By: vase ]
 

འཁོར་བ་འདི་ལ་སུན་སྣང་ཆེ། 



ངད་ཀྱི་དུག་རླངས་འཕྱུར་བའི་སྲིད་ས་སྟེ།། 

ལས་ཀྱི་ཆབ་དྲེགས་འཐུག་པའི་གྲུ་མདོ་ནས།། 

ཁམས་ཀྱི་སྣང་སྲིད་གཡོ་བའི་སྟངས་སྟབས་ངང་།།

ལུས་ཅན་སྐྱེ་འགྲོ་ཕལ་ཆེར་དུག་ལྔས་སྒུལ།།


བྱ་བྱེད་འདུ་ཤེས་མི་གཅིག་གར་སྟབས་ལ།། 

ཚོར་འདུ་ཁྱེར་སོ་མོད་པའི་བྲེལ་ཟིང་གསེབ།།

མཐོ་དམན་ཕལ་གྱིས་རང་བློར་འཐད་མིན་གྱིས།།

རིགས་མཐུན་གཡོ་འགུལ་ཕྱོགས་ལ་སྣ་གཉེར་མང་།། 


སྐྱེ་འགྲོ་ཕལ་གྱིས་དུག་ལྔ་རྒྱ་བསྐྱེད་གཏོང་།།

ཆེ་ཆུང་འགུལ་བའི་ལས་བྱར་རྒྱབ་སྐྱོར་ཉུང་།།

ཕན་ཚུན་འདྲ་བར་བསྡོ་ལ་དོགས་རྩོད་ཆེ།།

ཆུ་བུར་མིག་རྡོག་ཚ་མཁན་ཇེ་མང་རེད།། 


ཆར་ཐིགས་གྲམ་པ་སྤུངས་པའི་རི་ངོགས་དང་།།

རྡུལ་གྱི་ས་སྒང་ཟླུམ་པོའི་གན་གཞུང་དུ།། 

ཐོན་སྐྱེད་ས་བོན་འཆམ་མཐུན་མི་བསམ་པར།།

གཡུལ་ཁའི་ཐབ་མེ་གསོ་མཁན་ཇེ་མང་རེད།། 


ཙག་ཙིག་བྱ་འགུལ་མེད་ན་ནུས་མེད་སྙད།།

ཁ་ཉུང་བྱ་ཉུང་བྱས་ན་ཁས་ཞན་ལབ།། 

གཡོ་འགུལ་རང་ཆུས་ཙམ་ལ་ཞེན་སྐྱུག་མང་།། 

དུས་རབས་འདི་ལ་ཞེན་པ་ཐེངས་དགུ་ལོག།


རང་སྣང་རང་མཐོ་ཆེ་བའི་འཇིག་རྟེན་འདི།།

མ་རྟོགས་ཉོབ་ཅན་སྡོང་པོ་དུག་གིས་བརྒྱངས།། 

ཐོ་ཡོར་གདོས་བཅས་ཕྱི་ནང་སྡིག་པས་བངས།། 

ཞེ་འདོད་སྒེར་ཆུས་ཆེ་བའི་འཇིག་རྟེན་བཙན།། 


ལག་ལེན་སྲོ་མ་ཙམ་ལ་མི་མཐུན་ཡང་།། 

ཁ་བཤད་ཤུན་སྟོང་སྐེམ་པོའི་རྩྭ་སྐྱ་ཅན།།

སྟོང་གཏམ་རླུང་བུ་འཚུབས་པའི་དུས་རབས་ལ།། 

ཨ་ཧོ་གྲྭ་རྐྱང་ང་ནི་སུན་ཐག་ཆོད།།


མཐོ་དམན་ཧེ་བག་ཆེ་བའི་འཇིག་རྟེན་ནང་།།

ལས་ཉོན་རྫུན་བག་འཐུག་མིན་ཁྱད་པར་གྱིས།།

རང་ཤེས་བསམ་བློ་རྫོགས་མིན་ཚད་ཙམ་ལས།།

ཕྱི་ཚུལ་ཟོག་པོར་བདེན་རྫུན་བློས་འབྱེད་དཀའ།། 


བདོག་པོ་ཤ་མིག་ཁྲ་བོས་མ་གསལ་ན།།

ཡོད་ཚད་མེད་པར་རློམ་པའི་རྫོབ་ཅན་མང་།། 

བདེན་དོན་རྡོག་བརྫིས་ཆེ་བའི་དུས་རབས་འདིར།། 

འཇོན་མེད་གྲྭ་རྐྱང་ང་ནི་སུན་ཐག་ཆོད།།


༢༠༢༠/༢/༢༥/ཉིན་/བསོད་ནམས་བློ་གྲོས་/ནས་ཤར་བྲིས་བྱས།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.