སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38470


 
འཛུམ་ཀོང་མེ་ཏོག
[ 2019/12/13 21:10:00 | By: vase ]
 

འཛུམ་ཀོང་མེ་ཏོག



ངད་ཀྱི་འཚོ་རླངས་འཕྱུར་ས་ནས།།
དྲི་འཛིན་བསུ་བའི་བསང་དུད་གཏོང་།། 
འཕྱང་འཕྲུལ་གསེར་ལོ་ཐུར་དུ་བསྟར།།
དར་བུ་སོག་སླས་མིག་ལ་བཤམས།། 

དཀར་ལོ་མདངས་ཀྱི་ཞི་ས་ནས།།
སྨིན་མས་འཕྲེད་ཐིག་ཟུར་ནས་བརྐྱངས།།
འཛུམ་ཀོང་འོ་མ་དཀར་པོ་ཡིས།།
མགྲིན་པའི་ཨོ་རྩིད་རླན་པར་བྱས།།

བག་ཆགས་མཐུན་འགྲིག་བྱུང་ས་རུ།།
ཚགས་ལ་འོ་རྒྱལ་མ་ཞུས་ཀྱང་།། 
ཚིག་གིས་དང་ལེན་ཞུ་མཚམས་ནས།། 
དཀའ་བའི་རྔུལ་ཆུ་ཞབས་བཏག་བཏེགས།། 

སྒབ་མའི་ཐུ་སྣེ་བསྣོལ་ས་ནས།།
ལུག་ཆུང་ཚར་གུ་འཇམ་པོ་ཡི།། 
རེག་བྱ་བཙན་པའི་ཟར་ཁ་ཞིག།
ཚོར་བ་སྐྱེན་སའི་ཁུད་ལ་སྦྱར།།

ལང་ཚོ་མིག་ལ་འཚེར་ས་ནས།། 
བག་ཆགས་རུམ་པའི་ཨམ་ཕྲག་ནང་།། 
གསང་རྒྱ་གཅེས་ལོའི་གུར་ཁང་མཛེས།། 
མི་ཤིག་དམ་བཅའི་ཐ་རམ་རྒྱག།

ཆ་ག་གཉིས་བརྩེགས་ཅན་པོ་ཡི།།
གཡུང་དྲུང་རི་མོའི་མཐའ་ཤམ་ཅན།།
ས་མཐའི་འཛུམ་ཀོང་མེ་ཏོག་ཅིག།
གསང་རྒྱ་རལ་དུས་བརླག་མ་ཤོར།།

དཀར་མེ་སྨག་ཏུ་སྤར་ས་ནས།།
སྐར་ཁྱུ་འཁྱགས་འདར་མ་ཤོར་ཡང་།།
དང་ལེན་ཨེན་ཙམ་མ་བྱས་པས།།
ལག་རྗེས་མེད་པའི་གཏམ་རྒྱུད་མང་།། 

ཉ་ཉོག་ཚིག་གིས་མ་ཚེམས་ཀྱང་།།
རྡོག་རྡོག་སེམས་ཀྱིས་མ་ཐོངས་ནས།།
ཏན་ཏན་མོལ་བའི་ཁ་ཕྲུ་ཞིག།
ཏིག་ཏིག་མཐིལ་དུ་བྱས་པ་མཚར།། 

༢༠༡༩/༡༢/༡༡/ཉིན་ཕྱི་དྲོ་ཁྱུང་བསོད་བློ་ནས་བྲིས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.