སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དཀའ་ངལ་མ་བརྒྱུད་པའི་འབྲས་བཟང་མི་ཐོབ།
[ 2018/10/27 20:26:00 | By: vase ]
 

དཀའ་ངལ་མ་བརྒྱུད་པའི་འབྲས་བཟང་མི་འབྱུང་།

 

༧ དང་པོ་རང་ཉིད་ཕམ་སར་སྡོད་ཟེར་ཡ་དེ་གནས་སྐབས་ཀྱི་ཕམ་ས་དང་། མཐའ་མཇུག་རང་ཉིད་རྒྱལ་སར་སླེབས་ཅེས་པ་དེ་ནི་ཕུགས་ཀྱི་རྒྱལ་ས་ཞིག་རེད།   ད་ང་ཚོ་འཛམ་གླིང་ས་སྒང་ཧྲིལ་པོ་འདི་ལ་འཚོ་གནས་བཟུང་མཁན་ཞིག་ཡིན་ཚུན་ཆད་ལ་ཕུགས་ཀྱི་མདུན་མའི་བདེ་བ་རེ་མི་འདོད་མཁན་སུ་ཞིག་ཡོད།  དེ་འདྲའི་ཕུགས་ཀྱི་མདུན་མའི་བྱ་བ་དེ་ལེགས་གྲུབ་དང་རྒྱུན་འཁྱོང་གང་ཞིག་ཡོང་བ་ལ།  གནས་སྐབས་ཀྱི་ཕམ་ཁ་དང་དཀའ་ངལ་ཇི་ཙམ་བྱུང་བ་དེ་ལ་གདོང་ལེན་མི་ཞུམ་པ་ཞིག་བྱེད་བཞིན་འཕྲལ་ཡུན་ཙམ་ལ་རང་ཉིད་ཕམ་སར་སྡོད་དགོས།  ༡ དཔེར་ན་ཤེས་བྱ་རིག་པའི་གནས་ལ་བྱང་ཆུབ་པར་འབད་མཁན་སློབ་གཉེར་བ་ཞིག་ལ་ཆ་མཚོན་ན། སྤྱི་ཚོགས་རིག་གནས་སྦྱོང་བའི་བརྒྱུད་རིམ་ཁྲོད་དུ་དགེན་ལྷག་བསམ་ཅན་གྱིས་བཀའ་བཀྱོན་དང་ཕྱག་འབབས་གང་གནང་སྲིད་ཀྱང་།   དེ་ཚོ་ལ་སོ་སོའི་འགྲོ་སྟངས་མ་འཇོན་པ་རེད་ལོས་ཡིན་བསམ་པའི་འདུ་ཤེས་བཟང་པོ་བཅང་བཞིན་བཟོད་ཐུབ་པ་དང་། གཞན་རྡོ་དང་དབྱུག་པའི་རྒྱལ་ཁ་རྒྱབ་ཏུ་སྤངས་ལ། ལུང་དང་རིག་པའི་རྒྱལ་ཁ་དོན་དམ་དུ་རྩལ་ཆེན་གཙིགས་སུ་འཛིན་དགོས་པ་ཅི་བཤད།   ཁྱོད་རང་སློབ་གཉེར་བ་ཞིག་ཡིན་དུས་སློབ་ཚན་འཚོགས་པ་དང་སློབ་ཚན་གྲོལ་སྐབས་སོགས་ལ།  སློབ་གྲོགས་ཕན་ཚུན་བར་དོན་མེད་ཀྱི་འཆལ་གཏམ་སོགས་ཀྱིས་དུས་ཚོད་བརླག་མི་རུང་ངོ་།།   སྐབས་བབས་ཀྱི་སྦྱོང་བྱ་དཔེ་ཆའི་ཐོག་ནས་ཕན་ཚུན་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་སྐབས་སུ་རང་ཉིད་ཕམ་སར་སླེབས་ཐུབ་ན་མཐའ་མཇུག་རང་ཉིད་རྒྱལ་སར་བསྙེགས་པའི་རྒྱུ་བསགས་བཞིན་ཡོད་རེད།  སྦྱོང་ཚན་མི་འདྲ་བའི་དོན་ལ་མ་རྨོངས་པའི་མང་ཐོས་རྒད་པོ་དེ་ཚོ་ལ་རང་ཉིད་འཕྲད་ནས་སྦྱང་བྱ་མི་འདྲ་བའི་ཐོག་ནས་སྣ་བརྡབ་ག་ཚད་བྱུང་ཡང་དེ་འཕྲལ་གྱི་ཕམ་ས་དང་ཕུགས་ཀྱི་རྒྱལ་སར་བསྙེགས་པའི་རྒྱུ་ཡིན་ནོ།།   རང་ཉིད་སློབ་གྲྭ་ཆེ་ཆུང་གང་གི་ནང་དུ་ཞུགས་ཀྱང་རང་ལ་གཅེས་པའི་དགེ་རྒན་དང་།  རང་གི་འདི་ཕྱི་གཉིས་ཀ་ལ་སྨན་པའི་སློབ་དཔོན་སོགས་དུས་ནམ་ཡང་རང་གི་སྤྱི་གཙུག་ཏུ་བཀུར་དགོས་པ་དེ་ནི་རང་ཉིད་སློབ་གཉེར་བ་ཞིག་གི་ཕྲག་ཏུ་བབས་པའི་འོས་འགན་ཆེ་ཤོས་ཤིག་ལོས་ཡིན།  ༢ དཔེར། བཀའ་དྲིན་ཆེ་བའི་ཕ་མ་ལ་དྲིན་ལན་ཡང་དག་ཅིག་འབུལ་མཁན་ཞིག་ལ་ཆ་མཚོན་ན། སོ་སོ་འཁོར་བ་ཐོག་མ་མེད་པ་དང་སྐྱེ་བ་གྲངས་མེད་པ་ནས་རྟེན་འབྲེལ་བཅུ་གཉིས་དབང་གིས་སྲིད་པ་འཁོར་བའི་གནས་སུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་མྱོངས་གྲངས་མང་བ་ཅི་བཤད།  ད་ལན་སོ་སོ་མི་ལུས་རྟེན་བཟང་གི་བྱིས་པ་དམར་རྗེན་དུ་འཇིག་རྟེན་འདིར་གསོན་པར་སུ་ཞིག་གི་ཆེད་དང་གང་ཞིག་གི་དོད་དུ་འོང་བ་ཡིན།  ཁྱོད་འདིར་སླེབས་པ་ཙམ་གྱིས་ཐར་པ་བྱང་ཆུབ་སེམས་དཔས་མི་འདོད་པའི་འཁོར་བའི་སྐྱེ་སྒོ་ཡང་འགོག་མི་ཐུབ་ལ།  དགེ་སྣ་གཅིག་མེད་པའི་ནག་ཉེས་འཇིག་རྟེན་ཚང་གི་སྲིད་པའི་མཇུག་མ་ཡང་ག་ལ་གཅོད་ནུས།  ཁྱོད་འཇིག་རྟེན་འདིར་འཚོ་སྐབས་ནུས་ཚོད་ཐུབ་ཚོད་ཀྱི་བྱ་བ་དེ་ནི་དྲིན་ཅན་ཕ་མ་ལ་དྲིན་ལན་ཡག་པོ་ཞིག་འཇལ་དགོས་ཡ་དེ་རེད།  དང་པོ་དྲིན་ཅན་ཕ་མའི་བཀའ་དྲིན་མ་ཚོར་ན། བར་དུ་དྲིན་ལན་འཇལ་དུ་དཀའ་མོ་ཡིན་པས་ཕ་མའི་བཀའ་དྲིན་ཚོར་དགོས། ཡ་བུ་ཕྲུག་ཚོས་བསམ་བློ་ཡང་དག་ཅིག་ཐོང་དང་རགས་ཙམ་བཤད་ན། ཁྱོད་ལ་ཁ་ཡོད་ཀྱང་བཟའ་མི་ཤེས། མིག་ཡོད་ཀྱང་ལྟ་མི་ཤེས། ལུས་ཡོད་ཀྱང་གྱོན་མི་ཤེས།  རྐང་པ་ཡོད་ཀྱང་འགྲོ་མི་ཤེས་བའི་དུས་ཤིག་ཁྱོད་ལ་ཚེས་མྱོངས་བ་དྲན་ཤེས་དགོས།  ཨ་མས་ཁྱོད་ལ་ཟན་སྐྱོ་ལྕེ་ཡིས་སྤྲིང་།  གོས་ལྭ་ལག་པས་བཀོན། རྐང་ལ་གོམ་སྟབས་བསླབས་ནས་བཀའ་དྲིན་བསྐྱངས་བ་རེད།  དྲིན་ལན་བཟང་པོ་ཞིག་འཇལ་བ་ལ་ཁྱོད་ཀྱིས་ཚེ་གང་པོར་ཕ་མ་ལ་གུས་ཞབས་དང་།  ཁྱོད་ཀྱིས་ནུས་པ་ཡོད་རྒུ་འདོན་ནས་ཁ་འཇམ་ལག་འཇམ་ཟས་འཇམ་སོགས་ཀྱིས་ཕ་མ་ལ་བརྩེ་བ་བསྐྱང་ནས་དྲིན་ལན་བཟང་པོ་འཇལ་དགོས་པ་རེད། བུ་ཕྲུག་སོ་སོས་བྱ་བ་གང་ལ་བརྩོན་སྐབས་མ་འཇོན་མ་ལེགས་པའི་སྐྱོན་ཆ་གང་བྱུང་བའི་ཚེ། ཕ་མའི་ཁ་བརྡ་སློབ་གསོ་གང་གནང་བ་དེ་ཚོ་སྣང་མེད་དུ་གཡུག་མི་རུང་བར་ཉན་འཇོག་ཡག་པོ་དགོས། རྒྱུ་འབྲས་ལ་བསླུ་བ་མེད་པས་རང་གིས་ཕ་མ་ལ་ཞབས་ཞུ་མ་འབྱོར་ན། རང་གི་བུ་ཕྲུག་གིས་རང་ཉིད་ལ་ཞབས་ཞུ་མི་བྱེད་ཐག་ཆོད་དེ།  མདོ་དྲི་མེད་ལས།  རང་གིས་ཕ་མ་དག་ལ་ཅི་བྱས་ཀྱང་།  རྗེས་སུ་བུ་ཡིས་རང་ལ་དེ་བཞིན་བྱེད་ཅེས་གསུངས་སོ།།  རྣམ་པ་ཚོ་རང་གི་ཚེ་གཅིག་གི་ཕ་མ་ལ་རྟེན་གཅིག་གིས་ཞབས་ཞུ་འབྱོར་ནས་ཕ་མའི་བཀའ་དྲིན་དེ་ནམ་ཡང་བརྗེད་མི་རུང་ངོ་།།

དུས་རབས་ཉེར་གཅིག་དུས་ཀྱི་བུ་ཕྲུག་ཚོ། དང་པོ་ཕ་མའི་བཀའ་དྲིན་མ་ཚོར་ན།  བར་དུ་དྲིན་ལན་འཇལ་བའི་དོན་མི་ཤེས།  ཐ་མ་འགྱོད་པ་ཞིག་ལས་གཞན་མེད་དོ།  ༢༠༡༤/༡༢/༢༠/ཉིན་ཞོགས་པ་མཁར་སྤ་བསོད་ནམས་བློ་གྲོས་ནས་བྲིས་སོ།།

 

 

 

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.