སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཆོས་ལུགས་ཡག་བཙོག་རང་བཤད་སྡད་པས་ཅི་ཕན།
[ 2018/9/3 19:21:00 | By: vase ]
 


ཆོས་ལུགས་ཉམས་སུ་མི་ལེན་ཡག་བཙོག་རང་བཤད་པས་ཅི་མི་ཕན། 


       ༧   དེང་ཆར་མི་མང་པོ་ཞིག་གིས་སྐད་འཕྲིན་དང་དྲྭ་ལམ་སོགས་ནས་རྒྱུ་མཚན་གང་ཡང་མི་ཤེས་པར། ཁྱི་རྒན་དོན་དག་ཡོད་ནས་ཟུག ཁྱི་ཕྲུག་དོན་དག་མེད་ནས་ཟུག་ཟེར་བ་ལྟར་མི་མང་པོ་ཞིག་གིས་མ་འཇོན་ཚད་ཚང་མ་ཆོས་ལུགས་ཀྱིས་ཕུངས་སོང་བར་ཁག་དཀྲི་ནས་ཆོས་ལུགས་བཟང་ངན་དང་གྲུབ་མཐའི་འཐབ་འཛིང་ཁོ་ན་བྱེད་བཞིན་པ་འདི་དོན་མེད་ཀྱི་འཐབ་འཛིངས་དང་ནོར་འཁྲུལ་ཞིག་རེད་བསམ་བཞིན་ཡོད། ཆོས་ལུགས་ཞེས་པ་དེ་གང་འདྲ་ཞིག་ཡིན་ཡང་ཆོས་སྒོར་ཞུགས་པའི་མི་ཡི་སེམས་རྒྱུད་ལ་སྔར་དང་མ་འདྲ་བའི་འགྱུ་བ་དང་ཕན་ཐོག་བདེ་བ་འདྲ་ཕྲན་བུ་སྤྲད་ཐུབ་བྱེད་དང་ཉེ་ས་ནས་བཤད་ན་མི་གཤིས་ཡག་པོ་བཟོ་བྱེད་དང་། རིང་ས་ནས་བཤད་ན་རང་རྒྱུད་ཀྱི་ཉོན་མོངས་པ་བཏུལ་ནས་ཐར་པ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་བྱེད་ཀྱི་ཆ་ལག་ཆ་རྐྱེན་ཞིག་རེད།  རབ་ཀྱིས་ཐོས་བསམ་སྒོམ་སྒྲུབ་དང་།  འབྲིང་གིས་འཆད་རྩོད་དང་།  ཐ་མས་ཀྱང་མཆོད་པ་ཚོགས་བསགས་སོགས་སོ་སོས་གང་འཚམས་སྒྲུབ་བཞིན་པ་རེད།  ཆོས་ལུགས་ཉམས་བཞེས་བྱ་རྒྱུ་གཙོར་མི་བྱེད་ནས་ཡག་བཙོག་ཕྱོགས་རིས་ཁོ་ན་གླེངས་ཆེ་ན།  ཡང་དག་པའི་ཆོས་ལུགས་ཀྱི་ངོ་བོ་ལོན་ཡ་ལ་ཐག་ཇེ་རིང་ལས་མེད་དོ། སྤྱིར་བཏང་ཆོས་ལུགས་དད་མོས་བྱེད་མིན་དེ་སོ་སོ་སྒེར་གྱི་རང་མོས་ལས་གཞན་བཙན་དབང་དུ་ཆོས་སྒོར་ཞུགས་དགོས་ཡ་ཞིག་དང་། བཙན་དབང་དུ་གྲུབ་མཐའ་དོར་དགོས་རྒྱུ་ཞིག་མ་རེད། མི་ཡོད་ཚད་ཀྱིས་ཆོས་ལ་དད་པ་འཇོག་དགོས་ཟེར་ན་དཀའ་ཁག་རེད། ཀུན་གྱིས་འཇོག་མི་རུང་ཟེར་ན་ཐལ་ཆེ་བ་རེད། ཆོས་སྒོར་ཞུགས་མིན་རང་མོས་རེད། སོ་སོའི་འདོད་མོས་ལ་བསྟུན་ནས་རང་སར་སྡོད་རྒྱུ་གལ་ཆེ་བ་ལས། ཆོས་ལུགས་གྲུབ་མཐའ་བཟང་ངན་ཟེར་ནས་ང་ཡག་ཁྱོད་སྡུག་ཁོ་ན་གླེང་ཆེ་བས་དོན་གོ་སྤུ་ཙམ་མེད་སྣང་ཤར། ཆོས་སྒོར་ཞུགས་མཁན་ཡིན་ན་ཆོས་པ་རྣམ་དག་བྱེད་ཡ་དེ་གལ་ཆེན་རེད། ཆོས་སྒོར་མ་ཞུགས་པ་ལ་སྨད་དགོན་དོན་མེད་རེད།  མ་ཞུགས་པ་ཡིན་ན་ཆོས་སྒོར་ཞུགས་མཁན་ཚོ་ལ་གཤེ་དགོས་དོན་ཡོད་མ་རེད། དོན་མེད་ཀྱི་སྨད་ར་དང་ཕྱོགས་རིས་འཐེན་ཁྱེར་ཆེར་སོང་ན་སོ་སོས་བག་ཆགས་ངན་པ་བསགས་ཡ་རང་རེད།  ནང་ཆོས་བོན་བསྟན་དང་བན་བསྟན་གྱི་ངོ་བོ་ནས་བཤད་ན་སྟོན་པ་གཤེན་རབ་དང་སྟོན་པ་ཤཀྱ་གཉིས་སྤངས་རྟོགས་མཐར་ཐུག་པའི་སྟོན་པ་རྣམ་པར་དག་པ་ཞིག་དང་། དེས་གསུང་གི་བཀའ་ཡང་ཚད་མ་རྣམ་དག་ཅིག་ཡིན་པས་སྟོན་པ་རྣམ་གཉིས་ཀྱི་བསྟན་པ་ནི་བསྟན་པའི་ངོ་བོ་ནས་བཤད་ན་མིག་གཡས་གཡོན་ལྟ་བུ་རེད། རྒྱུན་འཛིན་བྱེད་མཁན་གྱི་མི་བུ་ཚོས་ལ་ལུང་དང་གྲུབ་མཐའ་ཕན་ཚུན་བར་འཐེན་ཁྱེར་གྱི་ཕྲག་དོག་སོགས་རྒོད་པས་མཐུན་སྒྲིལ་དང་འཕེལ་རྒྱས་དང་བདེ་འཇག་སོགས་ཕུང་བ་རེད། དེ་སྔོན་མི་ལོ་སྟོང་ཕྲག་གི་བརྒྱུད་རིམ་ལ་ཆོས་ལུགས་ཉམས་སུ་ལོན་ནས་སྤྱི་སྒེར་ལ་ཕན་ཐོག་པ་གང་འཚམས་བྱུང་ཟིན་པ་རེད། ཡང་དག་པར་ཉམས་ལེན་མ་ཤེས་ནས་ཕྱོགས་ཞེན་དང་འཐེན་ཁྱེར་གྱིས་ལ་ཚན་ལུང་ཚན་ཤོག་ཀ་མང་པོ་ཕྱེས་ནས་མི་རིགས་འཕེལ་རྒྱས་དང་ཡར་ཚད་སྐྱོན་ཆ་ཕྲན་ཙམ་བྱུང་ཟིན་པ་རེད། སྐྱོན་ཆ་བྱུང་བ་དེ་ཆོས་ལུགས་ཀྱི་ངོ་བོས་སྐྱོན་ཆ་སྤྲད་པ་མ་རེད་ཀྱང་།  ཉམས་ལེན་བྱེད་མཁན་གྱིས་མ་འཇོན་པ་རེད།  ད་ལྟ་དུས་རབས་ཉེར་གཅིག་པའི་སྒང་ལ་མི་ཀུན་གྱིས་སྤྱི་ཚོགས་བད་ེའཇགས་དང་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་ཡར་བསྐྱེད་དང་ཀུན་མཐུན་གུ་ཡངས་ཀྱི་ལྟ་བའི་ལམ་ཁ་ནས་འབད་འབུངས་བྱེད་རྒྱུ་ལས། གྲུབ་མཐའ་དང་མི་རིགས་ལ་ལུང་གི་འཐེན་ཁྱེར་བྱེད་པའི་དུས་ཁྱོན་ནས་མ་ཡིན་པས། རྣམ་པ་ཚོ་གུ་ཡངས་བག་ཕབས་ཀྱི་སྒོ་ནས་གནས་རྒྱུ་དེ་གལ་ཆེན་ཞིག་རེད་སྙམ། དེང་སང་ཡང་དག་པའི་ལུགས་གཉིས་ལ་ལྟ་བའི་ཤེས་རབ་ཀྱི་སྤྱན་མིག་ཞར་ཡང་། ཤེས་རིག་གི་སྒོ་མཐོང་མི་མཐོང་གི་ཐོས་ཆུང་མི་བུ་དུ་མ་ཞིག་གིས་སློབ་གླིང་དང་ཤེས་བྱ་རིག་གནས་ཀྱི་སྒོ་མཐོང་མ་ཐག་ནས་་སོ་སོ་ཞུ་བུ་ཞིག་ཡིན་མདོག་མདོག་གི་མཐོ་སྣང་ཁྱེར་ནས་རྟོག་པ་སད་མདོག་ལྟ་བ་ལོག་མདོག་གི་རི་བོང་ཅལ་འདྲོགས་མང་པོ་ཞིག་ཡོད་རེད། དེ་སྔོན་འདས་པའི་ལོ་རབས་ལ་སྟོན་པ་ཐམས་ཅད་མཁྱེན་པ་དང་། རྒྱལ་ཚབ་རྗེས་འཇུག་མཁས་དབང་སོགས་སུ་གཅིག་གིས་མ་ཤེས་པ་དང་མ་མཁྱེན་པའི་གཏམ་གསར་པ་ཞེ་བུ་ཞིག་བཤད་ཤོད་མདོག་མདོག་གི་རྒྱལ་བའི་བཀའ་ཚད་མ་དང་། འཕགས་པའི་ལུང་ཚད་མ་དང་དངོས་པོའི་གནས་ལུགས་ཚད་མ་སོགས་གང་ལ་མི་མཐུན་པའི་གཏམ་བཤད་མཁན་མི་ཅོལ་ཆུང་མང་པོ་ཞིག་སྤྱི་ཚོགས་ཐོག་ལ་ཡོད་རེད། དོན་ངོ་མར་རྟོག་སད་པ་ཞིག་ཡིན་ན་དཔེ་དེབ་སྟོང་ཕྲག་མང་པོའི་གོ་དོན་མྱོངས་ཀློག་ཅན་ཞིག་དང་ལུགས་གཉིས་ཀྱི་ཕྱོགས་ནས་ལྟ་བའི་ཤེས་རབ་ཀྱི་མིག་གསལ་པོ་དང་། དཔྱོད་པའི་ཚོར་འདུ་ཡི་དྲན་པ་གྲུང་པོ་ཞིག་དགོས་པས་མིང་དོན་མཚུངས་པའི་རྟོག་སད་པ་ཞིག་དཀོན་དཀོན་རེད། རྣམ་པ་ཚོས་ཁྱིམ་པས་ཆོས་པ་ལ་གཤེ་ནས་ཡོད་ཚད་ཆོས་པས་ཉེས་པ་རུ་བརྩི་ཡ་དང་། ཆོས་པས་ཁྱིམ་པར་བརྙས་ནས་ཡོད་ཚད་གཤུ་གཞོག་བྱེད་པ་སོགས་འགལ་སྐྱོན་མ་སོང་བར་དྲང་པོར་གནས་དགོས་རྒྱུ་དེ་གལ་ཆེན་ཞིག་རེད་སྙམས་སོ།། 

གུས་/ཁྱུང་བསོད་བློ/འབོད་པས་བསམ་ཚུལ་ཞིག་ཞུས་པ་ལགས་སོ།  

༢༠༡༨/༧/༢༡/ཉིན་སྤེལ་ལོ།།


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.