སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
30
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38441


 
ཆར་གྱི་བསིལ་གདུགས་འོག་ནས་ཁྱོད་རང་ཡིབ་པ།
[ 2018/9/3 19:15:00 | By: vase ]
 


ཆར་གྱི་བསིལ་གདུགས་འོག་ནས་ཁྱོད་རང་ཡིབ་པ།



དབྱངས་ཆར་བདུད་རྩི་ཟེགས་མའི་བསིལ་གཡབ་འོག་དང་།

མེ་ཏོག་མགོ་ལྕོགས་ལྡེམ་པའི་རྩྭ་ལྗང་གསེབ་ཏུ།

ཚོར་བ་སྐྱིད་ལ་བཀྱོན་པའི་ཁེར་རྐྱང་བ་ཞིག

གཡའ་བྲག་རྫ་སྤང་མཚམས་ནས་ཁྱོད་རང་ཡིབ་སོང་།


མཐིང་མདོག་གཡུ་གཞོང་ནང་གི་གངས་ལྟ་མེ་ཏོག

ཤ་འུ་ཕྱག་གིས་གཅེས་པར་ཡིད་ཀྱིས་བླངས་ཏེ།

རུམ་ཁའི་སེམས་ཀྱི་གསང་བ་ཁྱོད་ཀྱིས་བཤམས་ནས།

ངོས་འཇམ་རི་ཡི་སྐེད་ནས་ཁྱོད་རང་ཡིབ་སོང་།


ཨ་སྔོན་གནམ་ལ་རེག་པའི་བྲག་དཀར་ཞིག་དང་།

དོག་མོ་ས་ལ་ཟུགས་པའི་རྟིང་རྩ་རྣོ་སྟེ།

རྩི་ཏོག་ཚོམས་སུ་དཔུང་བའི་ཉག་ཀ་ཞིག་ནས།

ཟེ་འབྲུ་མེ་ཏོག་བཏུ་བཞིན་ཁྱོད་རང་ཡིབ་སོང་།


བསིལ་ལྡན་ས་སྲོད་དྲོད་ཀྱིས་ལ་ལུང་བདལ་ལ།

དགའ་སྐྱིད་དཔལ་ཡོན་འཚོ་བས་ཡུལ་ལུང་ཁྱབ་སྟེ།

རྟོག་འགྱུ་ཚོར་བའི་རི་མོ་རུག་ཏུ་བཏབས་པའི།

སྨྲང་བོན་ཆོ་རབས་གྱེར་ནས་ཁྱོད་རང་ཡིབ་སོང་།


དབྱངས་གསལ་ངག་གི་ལྷ་ཆ་ཕྱག་གིས་བཀྲོལ་ནས།

གདངས་ཐག་བྲག་ཆའི་མདུད་པ་ལྗགས་ཀྱིས་བཤིག་པའི།

རིག་པའི་ཆར་ཞོད་མཐུག་པའི་མར་ཁུ་ཞིག་སྟེ།

ཤེས་བྱའི་རིག་བརྒྱ་བགྲོ་བཞིན་ཁྱོད་རང་ཡིབ་སོང་།


སྨུག་པ་ལ་ལོངས་ལྡེབས་པའི་རི་ཁུགས་ཤིག་དང་།

རླུང་བུ་བསིལ་བསིལ་ལྡང་བའི་སྤང་ཁུགས་དེ་ནས།

དབྱར་གཞུང་ཡིད་ཀྱི་ཚོར་བ་གླུ་རུ་འཐེན་བཞིན།

བསིལ་གྲིབ་ཆར་གདུགས་འོག་ནས་ཁྱོད་རང་ཡིབ་སོང་།


བུང་བ་རྩི་ཡི་ལང་ཚོའི་མངར་ཁ་འཇིབ་སྟེ།

རུམ་ཁ་སེམས་ཀྱི་འཕེལ་དྲོད་བདེ་སར་བཀྱོན་ནས།

འཛུམ་ཁ་པད་མོ་བཞད་པའི་སྤང་ཁུགས་དེ་ནས།

དགོད་ཁའི་ལག་འཇུ་བྱེད་བཞིན་ཁྱོད་རང་ཡིབ་སོང་།


རྫ་བྲག་གཡའ་སྤང་གྲུ་སོ་རྐང་པས་གཤག་སྟེ།

བཙན་དབང་ལས་ཀྱི་རྡོག་སྣེ་ས་ལ་དྲུད་བཞིན།

དཀར་དམར་སྐྱ་ཐིག་ལམ་གྱི་གཞི་མདོ་དེ་ནས།

འོད་ཀྱི་ཐིག་གུ་ཁྱེར་བཞིན་ཁྱོད་རང་ཡིབ་སོང་།


སྤྱི་ལོ་/༢༠༡༨/༧/༡༣/ཉིན་/ཁྱུང་བསོད་བློས་ནས་ཤར་བྲིས་བྱས།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.