སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38488


 
ད་དུང་མ་ལྡོག་པའི་ལས་སྣང་།
[ 2016/5/16 10:00:00 | By: vase ]
 

ད་དུང་མ་ལྡོག་པའི་ལས་སྣང་།


ཁྱུང་བསོད་བློ།                      

བན་བུན་གྱི་སྣང་བ་འདི་ནི་བསིལ་བུ་རྟོག་རླུང་དུ་མས་ཁྱེར།།

ཚོར་འདུ་ཡི་སྲུབ་ཀའི་ཁྲོད་དུ་ལས་སྣང་བ་མོའི་ཕྲ་རྡུལ་ཆགས།།

སྲིད་པ་ཡི་ལུས་ཅན་དེ་ཚོ་ཉོན་ཡིད་ཕྲ་མོས་ནེམ་ནེམ་བྱས།།

སྐྱེ་སྲིད་ཀྱི་དམུ་ཞགས་གོར་མོས་དར་ལུང་འཐེན་པ་ད་ཙམ་མིན།།


སྨྲ་ལྕེ་ཡིས་ལབ་གླེང་འོག་ཏུ་སྐྱིད་སྡུག་ཚིག་གི་མངར་ཁ་དོད།།

སྐྱ་ཐིག་གི་ལམ་བུ་ནང་དུ་བདེ་བའི་ཆེད་དུ་བང་རྒྱུགས་དིར།།

ཀུན་པོ་ཡིས་གོམ་ཁ་བསྟར་ནས་ང་དང་ཁྱོད་ཅེས་གླེང་མོལ་བསྡེབས།།

སྲོག་ཐག་གི་ལང་ཚོ་ཅན་ཚོས་མི་ཚེ་ཡོལ་བ་སུས་མ་ཚོར།།


ལང་ཚོ་ཡི་ལྟེ་ཁྲག་དམར་པོ་ས་ཆེན་བྲང་དུ་འཐོར་བ་དང་།

ཤ་འུ་ཡིས་དྲི་བསུང་འཐུལ་ཏེ་ན་ཆུང་སོ་སྒོ་དོད་པ་ནས།།

ཆ་མེད་ཀྱི་མགྲོན་པོ་དག་མས་འཆི་སྲིད་ནག་པོ་དོར་མ་ནུས།།

ཐོག་མེད་ཀྱི་སྲིད་པས་དེད་པའི་དུ་ཁའི་ཁྲོད་ཀྱི་འཁོར་པ་སྐྱོ།།


འུར་ཟིང་གི་འཁོར་བའི་བྲང་དུ་ཅལ་འདྲོཌ་བསྡེབས་པའི་དབུ་ནག་ཚོ།།

འཕར་ལྡིང་གི་རྣམ་རྟོག་ཕྲ་མོ་ཞེ་ཆགས་སྲེད་པའི་འོད་ལ་འཁྲས།།

སྲེད་ལེན་གྱི་རྣམ་ཤེས་ཕྲ་མོས་ཁམས་གསུམ་མདོ་རུ་བསྐྱར་སྐོར་མང་།།

དུག་ལྔ་ཡི་རླུང་བུ་ནག་པོས་སྨྲེ་ངག་རྫོབ་དཔུང་འཐུག་པོར་བྱས།།


བྲེལ་ཟིང་གི་སྲང་ཀ་ནག་པོར་ང་དང་ཁྱོད་ཅེས་བང་ཁ་འགྲན།།

འཆར་ཅན་གྱི་འཚོ་བ་སྣུམ་པོ་རན་ཚོད་ཙམ་ལས་བགོམ་མ་ནུས།།

འུར་ལོང་དུ་ཆ་རུ་བསྡེབས་པའི་རིཌ་དྲུག་བཤར་སའི་རི་ངོགས་ནས།།

ཆོག་ཤེས་ཀྱི་ཞེ་ཐག་དམར་པོས་བློ་ཆོད་དམ་བཅའ་དཀའ་སར་གྱར།།


འཕར་ལྡིང་གི་སྣང་བ་སྐྱ་མོ་འཛིན་ཞེན་ངད་ཀྱི་རླུང་བུས་སྒུལ།།

འདོཌ་བྱེད་ཀྱི་རྟོག་བློས་མ་བཏཌ་ཡན་གར་གྲུབ་ལ་བདེན་ཁ་ཡངས།།

རིཌ་དྲུག་གི་སྲེད་པའི་མདོ་ལ་ཨ་ལོང་དགུ་ཡིས་བསྐྱར་བསྐོར་བྱས།།

སྐྱེ་སྲིད་ཀྱི་ཐོག་མ་དོད་ནས་ཉོན་མོངས་ཐ་མ་ད་དུང་ལུས།།


༢༠༡༦/༥/༡/དགོང་མོ་སློབ་ཚན་གྲོལ་མ་ཐག་ཏུ་བྲིས།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.