སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38483


 
ཁེར་ཤག་ནང་གི་བྲོ་བ།
[ 2016/5/16 9:59:00 | By: vase ]
 

ཁེར་ཤག་ནང་གི་བྲོ་བ།


ཁྱུང་བསོད་བློ།


ཟད་ན་སེར་སྣ་མེད་ལ།།

ལྷག་ན་སེམས་ཆཌ་མེད་པའི།།

གྲྭ་རྐྱང་ཁེར་ཟས་དཀར་པོ།།

ཁེར་ཤག་ནང་དུ་ཡོད་རེད།།


ཕྲུ་གུས་འ་འུར་མེད་ལ།།

བཟའ་ཟླས་ཟུར་འདོན་མེད་པའི།།

གྲྭ་རྐྱང་ཞོགས་ཇ་ཞིམ་པོ།།

ཁེར་ཤག་ནང་དུ་ཡོད་རེད།།


ལུས་ལ་སྤོས་དྲི་བྲོ་ལ།།

ངག་ལ་རྩོམ་དྲི་བྲོ་བའི།།

སྤྱན་མིག་གྲུང་པོའི་གྲྭ་རྐྱང་།།

ཁེར་ཤག་ནང་དུ་ཡོད་རེད།།


ཕྱི་ཡི་སྐྱི་མོ་ནག་ཀྱང་།།

ནང་གི་ལྷག་བསམ་དཀར་བའི།།

བྱམས་དང་བརྩེ་བའི་གྲྭ་རྐྱང་།།

ཁེར་ཤག་ནང་དུ་ཡོད་རེད།།


"ལག་པར་དངུལ་ལོ་མེད་ཀྱང་།།"

"ཀླད་པར་ཤེས་བྱས་གང་བའི།།"

མདོ་སྔཌ་སེམས་ཀྱི་གྲྭ་རྐྱང་།།

ཁེར་ཤག་ནང་དུ་ཡོད་རེད།།


ལོངས་སྤྱོད་ཟས་ཀྱི་ཐ་མ།།

སྟབས་བདེའི་ཐུག་པ་འདི་ལ།།

རྩམ་སྐྱ་སྤོད་པའི་གྲྭ་རྐྱང་།།

ཁེར་ཤག་ནང་དུ་ཡོད་རེད།།


དཔལ་འབྱོར་ཚ་དམ་ཡ་གཅིག།

ལོངས་སྤྱོད་ཟླ་གམ་རལ་པོས།།

མི་ཚེ་ཕེར་བའི་གྲྭ་རྐྱང་།།

ཁེར་ཤག་ནང་དུ་ཡོད་རེད།།


འཆད་ན་གཞུང་བརྒྱ་ཤར་ཤར།།

རྩོད་ན་གློག་ཞཌ་འཁྱུག་འཁྱུག།

རྩོམ་ན་ཚིག་མཛོད་གྲྭ་རྐྱང་།།

ཁེར་ཤག་ནང་དུ་ཡོད་རེད།།


ལྟ་བ་མདོ་སྔཌ་སེམས་གསུམ།

སྤྱོད་པ་ཐབས་ཤེས་ཟུང་འབྲེལ།།

འབྲས་བུ་སྐུ་གསུམ་བགྲོད་མཁན།།

ཁེར་ཤག་ནང་དུ་ཡོད་རེད།།


༢༠༡༦/༣/༡༥/ཉིན་ངལ་གསོ་ཉིན་མོ་ཞོགས་ཇ་འཐུངས་ཞོར་བྲིས།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.