སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38423


 
བྱིས་དུས་ཀྱི་རྩེད་ར་དྲན་པ།
[ 2016/5/16 9:57:00 | By: vase ]
 

བྱིས་དུས་ཀྱི་རྩེད་ར་དྲན་པ།


ཁྱུང་བསོད་བློ།


སྲོག་སྐུད་ལྟེ་ཁྲག་འཕོས་སའི་གྱང་ཁུག་དང་།།

བྱིས་པ་འདུར་དུ་རུག་སའི་དྲོད་ཁྱིམ་གྱི།།

གཅེས་ཕྲུག་གཟན་ལ་རོལ་སའི་ཐབ་རྩ་ཡི།།

བྱམས་ཀྱི་མངར་མོའི་འོ་མ་ལན་གཅིག་དྲན།།


ཡན་ལག་ཧྲག་ཏུ་རྒྱས་པའི་ལང་ཚོའི་ཁྲོད།།

ཚོཌ་འདོན་བློ་རུ་བཤར་སའི་ཁང་ཐོག་སྟེ།།

ཨ་དཀར་འུར་འདོན་བྱེད་སའི་ཉིན་ཁུག་དང་།

ཀ་ཁ་རྐན་ནས་གྱེར་བའི་བྱིས་དུས་དྲན།།


རྫི་གྲོཌ་ཟུང་དུ་བསྡེབས་ནས་རི་ལ་ཆས།།

ནོར་ལུག་སྤང་ལ་བཀོད་ནས་ཀི་ཞིག་བཏབ།།

འབྲུ་ཡོས་ཁྲ་བོ་སོ་ཡིས་བལྡད་ཉིན་མོའི།།

ལེབ་ཅན་རྫ་སྤང་མཚམས་ཀྱི་རྫི་ཇ་དྲན།།


གསོང་སྐད་སེང་དུ་ཤོང་བའི་མྱིད་པ་དང་།།

དོན་ལྔ་སྣོད་དྲུག་བཤམས་པའི་ལྟོ་ཆུང་ནང་།།

འཚོ་རྟེན་སྤགས་རིལ་འདེད་པའི་སྐྱོར་ཡ་སྟེ།།

སྤོད་ཀྱི་སྲན་འདེག་གར་མོ་ལན་གཅིག་དྲན།།


སྣ་སྦུག་རྣག་གིས་གང་ཀྱང་ངོ་ཚ་མེད།།

འོག་སྒོར་རྟུག་དྲི་ཐོག་ནས་དྲི་ངན་ཚུབས།།

ལག་རྒྱབ་ཤུར་མ་ནག་པོའི་ཤུན་པཌ་ཅན།།

གྱང་རྒྱབ་ཐལ་དུ་རྩེད་པའི་བྱིས་དུས་དྲན།།


འོད་ཐིག་རྫ་རྩེར་ཕོག་པའི་ཞོགས་པ་ལ།།

ཕར་ལམ་ལྷས་ཀྱི་བེའུ་ལུག་རི་ལ་བཀྲམ།།

ཚུར་ལམ་འདུར་དུ་ཆས་བཞིན་ལྕི་བ་བཏུས།།

ཨ་མས་ཞོགས་ཇ་བཀོལ་བའི་བྱིས་དུས་དྲན།།


འཚོ་བ་ཞིག་གི་འཆར་གཞི་མི་ཞོག་ཀྱང་།།

སྡེ་བ་འཁྲུཌ་པའི་ཕྲག་དོག་མི་དགོས་ལ།།

ཡན་ལག་ཐལ་རྩེད་ཚུབས་ཚུབ་ཉི་མ་བསྐྱེལ།།

བྱིས་དུས་འཚོ་བ་དེ་ལས་སྐྱིད་ཅིག་མེད།།


༢༠༡༦/༣/༢༢/ཉིན་ངལ་གསོའི་ལེའུ་ཞིག་བཀོ

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.