སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38492


 
ཉག་ཕྲན་གྱི་བྱིའུ་ཆུང་ང་།
[ 2016/5/16 9:55:00 | By: vase ]
 

ཉག་ཕྲན་གྱི་བྱིའུ་ཆུང་ང་།


ཁྱུང་བསོད་བློ།

མི་ཚེ་ལྕང་སྡོང་སྐྱ་བོའི་ཉག་ག་ནས།།

མི་རྟག་ལས་ཀྱིས་བཀུག་པའི་འཇོལ་མོ་དེས།།

རྟོག་འགྱུ་སྣང་བས་བསླུས་པའི་གོམ་སྟབས་ཁྲོད།།

གཡུ་ཡི་མེ་ལོང་ངོགས་ནས་བྱ་ར་བྱས།།


ཐང་ཆེན་ནོར་འཛིན་སྒེག་མོའི་བྲང་ཁ་དང་།།

ལྷོ་གླིང་སོག་ཁ་འཇོང་པོའི་གན་གཞུང་དུ།།

ཟླ་བའི་ངོཌ་སུ་འཁྲས་ལ་གྲིབ་གཟུཌ་བཞེངས།

ཐོ་རེངས་ཅག་སྐད་སྒྲོག་མཁན་བྱིའུ་ཆུང་ང་།།


ཉོབ་ཅན་གཏི་མུག་རྒད་པོ་གཉིད་ལས་དགྱེ།།།

སྒེར་ཁུང་སྐར་མདའི་འོད་ལ་ལན་གཅིག་བལྟས།།

རང་ཉིད་མི་རུ་བརྫུས་པའི་བྱིའུ་ཆུང་དཔེ།།

མི་ཚེར་ཡལ་གའི་རྩེ་རུ་འདི་བཞིན་གནས།།


ཞེད་ཀྱི་དྲི་མ་འཐུག་པས་རྫོབ་ཅན་གྱུར།།

ངད་ཀྱི་བག་ཆཌ་སད་ནས་མཐུ་ཞིག་བརྟས།།

ཉམས་ཀྱི་སྣང་བ་གསོད་པའི་ལུས་ཤིག་བླངས།།

ལས་ཀྱི་སྣང་མུན་གསེབ་ནས་ང་ཉིད་འགྱིང་།།


ཉི་ཟླ་རང་འགྲོས་འཁོར་བའི་ནམ་ཟླ་ལ།།

གོར་གོར་ལྕང་ལོ་སྔོན་མོ་མག་མོག་གྱུར།།

ངེས་ཅན་དུས་ཀྱི་འགྱུར་ཁ་ཚ་མོ་དེ།།

བདག་གི་ལང་ཚོ་ཡོལ་བའི་དཔེ་ཟླ་བྱ།།


སྡོང་པོའི་ཡན་ལག་གྲུག་པའི་གནས་ཚུལ་གྱིས།།

གཅེས་འཛིན་ཞེན་པ་དམ་པའི་བེམ་ཁོག་འདི།།

ནམ་ཡང་འཇིགས་ཉེན་ཡོད་པ་ཤེས་སླའོ།།

དེའི་ཕྱིར་དོན་ཡོད་སྒྲུབ་ལ་ཐུགས་མི་གཡེང་།།


༢༠༡༦/༣/༡༣/དགོང་མོར་བྲིས་སོ།།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.