སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38423


 
གྲྭ་པ་གྲྭ་རྐྱང་།
[ 2016/5/16 9:54:00 | By: vase ]
 

གྲྭ་པ་གྲྭ་རྐྱང་།


ཁྱུང་བསོད་བློ།

 བྱིན་གྱི་ཐེམ་མདུད་དམ་པའི་གསང་གནས་དང་།།

རྨིག་རྗེས་བྲག་ལ་དོད་པའི་བྲང་ཁ་རུ།།

ཏིང་འཛིན་རི་བོ་ཆེན་པོའི་རབ་བྱུང་བ།།

ངན་རྟོག་སེམས་ལ་དག་པའི་ལྷོད་ཅིག་ཡོད།།


གནའ་རྫས་བཅུ་རིག་སྡོང་པོའི་གྲིབ་བསིལ་འོག།

ཤེས་རིག་དཔག་བསམ་ལྗོན་པའི་ཡལ་ག་རྒྱས།།

ཚུལ་ཁྲིམས་དྲི་བསུང་འཐུལ་བའི་གྲྭ་རྐྱང་ལ།།

ཆུང་མས་ཟུར་འདོན་མེད་པའི་སྐྱིད་ཅིག་ཡོད།།


བཀའ་ལུང་ཚད་མས་བགྲོ་བའི་རི་ཁུག་དང་།།

དགག་སྒྲུབ་མེ་དཔུང་འབར་བའི་ཐབ་རྩ་ནས།།

ཤེས་རབ་མེ་ལྕེ་འབར་བའི་གྲྭ་རྐྱང་ལ།།  

མདོ་སྔགས་སེམས་ལ་བྱང་པའི་སྐྱིད་ཅིག་ཡོད།།


འདུས་མང་ཡོ་ལངས་མཛེས་པའི་མ་ཡུམ་དང་།།

སྣ་མང་བཅུ་རིག་བཞད་པའི་དགའ་ཚལ་དུ།།

ལོ་མང་ཧུར་དུ་བརྩོན་པའི་དཔེ་ཆ་བ།།

གལ་གནད་གོ་བ་རྙེད་པའི་ཉམས་ཤིག་ཡོད།།


བྱིན་གྱི་བརྩེ་བ་དམར་མོ་ཐུགས་ཀྱིས་བསྐྱངས།།

རླབས་ཀྱི་གདམས་ངག་ཟབ་མོ་གསུང་གིས་གནང་།།

མི་ཚེའི་ལམ་སྒྲོན་མཛད་པའི་སློབ་དཔོན་དེ།།

ནམ་ཡང་སེམས་ཀྱི་དཀྱིལ་ལ་ཝ་ལེར་ཡོད།།


༢༠༡༦/༤/༢༥/ཉིན་བྲིས་སོ།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.