སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38694


 
མི་ཚེའི་ཁ་དོག
[ 2016/5/16 9:49:00 | By: vase ]
 

མི་ཚེའི་ཁ་དོག

ཁྱུང་བསོད་བློ།

 ཟླ་བའི་འོད་ལ་འཁྲས་པའི་ལྡིང་ཁང་ནས།།

བློ་སྣ་ལས་ཀྱིས་དེད་པའི་གོམ་ཁ་བསྟར།།

བེམ་གཟུཌ་ཐོ་རུ་འགྱིང་བའི་ལས་དབང་ཁྲོད།།

ཀྱག་ཀྱོག་མི་ཚེའི་ཁ་དོག་འགྱུར་ཁ་ཆེ།།


ཚོར་འདུ་ལབ་གླེང་རྒོད་པའི་སྲུབ་ཀ་དང་།།

རྟོག་འགྱུ་འཕུར་ལྡིང་མོད་པའི་གན་གཞུང་དུ།།

ལང་ཚོའི་ན་རིམ་ཡོལ་བའི་སྐད་ཅིག་མ།།

ལས་ཅན་ཀུན་པོའི་བྲང་ནས་རུ་དཔུང་བསྟར།།


ཕལ་ལ་མངོན་དུ་མེད་པའི་ལྐོག་ལམ་ནང་།།

འགངས་ཆེན་མི་ཚེ་ཡོལ་བའི་ཉེན་འཚུབས་དེ།།

ནམ་ཟླའི་འཁོར་འགྲོས་བསྡེབས་ནས་རྟག་ཏུ་ཤར།།

གཉེན་པོ་སུ་ཞིག་མཁས་ཀྱང་འགོག་མ་ནུས།།


ཡན་ལག་ཧྲག་ཏུ་རྒྱས་པའི་ཉི་མ་ལ།།

ཀུན་མཐུན་མི་རྟག་འཆི་བ་སུས་མི་དྲན།།

ཉིན་ཞིག་འདི་ཕྱི་གཉིས་ཀྱི་བར་མཚམས་སུ།།

རྣམ་རྟོག་ལས་རླུང་བསྡེབ་ནས་སྔ་ཕྱི་བསྒྲིག།


རེ་ཞིག་དཔལ་འབྱོར་ཆེད་དུ་བྲན་གཡོག་གྱུར།།

ཁ་ཅིག་མཚན་སྙན་དོད་དུ་མི་ཚེ་བརྗེས།།

འགའ་ཞིག་ཅལ་འདྲོཌ་གཏམ་གྱིས་སུན་ཉེན་ཆེ།།

གཞན་སྒྲོས་རྗེས་སུ་འདེད་པའི་མི་བུ་མང་།།


སྐྲ་ལོ་གནམ་དུ་བཀན་པའི་ལུས་ཅན་ཚོ།།

རང་ཉིད་དཔལ་འབྱོར་ཁོ་ནར་མ་བརྗེ་བར།།

དཔལ་འབྱོར་རང་གིས་ཆེད་དུ་བློས་ཐོང་ན།།

ནོམ་པོ་རྒྱུ་ཡི་དོན་གོ་ཆོད་ལེ་ཡིན།།


ལས་ཉོན་བཙན་པོ་ཞིག་གིས་ཆམ་དུ་དབབ།།

ཆ་ཅན་འགྲིག་པོ་ཞིག་གི་ལམ་ཁ་ནས།།

ཚོར་གསུམ་དཔྱིད་ཀྱི་ཉི་མ་འདེ་ཉིན་མོར།།

དགའ་སྐྱིད་ལྷུ་ལག་ལོན་ན་ཁ་དགེ་ཡིན།།


༢༠༡༦/༤/༥/དགོང་མོར་སྤེལ་ལོ།།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.