སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38703


 
འོ་མ་དཀར་པོ།
[ 2016/5/16 9:47:00 | By: vase ]
 

འོ་མ་དཀར་པོ།


ཚོར་འདུ་སེམས་ཀྱི་ལྷས་ར་ནང་།།

ཀུན་གཞི་སྤང་གི་འབྲི་མོ་ལས།།

རྣམ་རྟོག་ཤག་ཤག་བཞོ་ཉིན་མོར།།

སྙན་རྩོམ་མངར་མོའི་འོ་མ་བབས།།


འཆད་པ་གཞི་ཡི་ལྷས་ར་ནང་།།

རྩོད་པ་ལམ་གྱི་འབྲི་མོ་ལས།།

རྩོམ་པ་འབྲས་བུ་སྨིན་ཉིན་མོར།།

རྩོམ་གྱི་བཞོ་ཟོ་འོ་མས་གང་།།


ཐོ་ཡིག་བཞི་བཅུའི་སྦྲ་རེ་ཚེམ།།

ལུས་སྲོག་རྒྱན་གྱི་འབྲོག་པ་བཅའ།།

སྡེབས་སྦྱོར་གར་གྱི་འབྲི་མོ་བཙལ།།

རྩོམ་གྱི་འོ་མ་ཤག་ཤག་བཞོ།།

༢༠༢༦/༤/༡༩/ཉིན་བྲིས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.