སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38684


 
ཡ་མཚར་བའི་མཛེས་སྡུག
[ 2016/5/16 9:45:00 | By: vase ]
 

ཡ་མཚར་བའི་མཛེས་སྡུག

ཁྱུང་བསོད་བློ།

དབུ་རྩེ་གནམ་དུ་བཀན་པའི་ཉག་ཀ་ནས།།

ཟར་ཅན་གཡུང་དྲུང་ཤུག་པའི་ཡན་ལག་དོད།།

སྨུག་སྤྲིན་ལིང་ལིང་རྒྱུ་བའི་ལེབ་མོ་རུ།།

གནམ་འདེགས་བྲག་གི་ཀ་ཆེན་འདི་ན་འདུག།


སྨྲ་ལྕེའི་ལབ་གླེང་རྒོད་པའི་ཚོར་བའི་གསེབ།།

རྟོག་འཕྱུ་འཕུར་ལྡིང་རྒྱས་པའི་སྒང་གཤོང་དུ།།

དྲག་གཏོར་གནམ་དུ་བཤམས་པའི་དབལ་རི་དེ།།

རྒྱལ་ཁམས་འགྲུལ་པོའི་མིག་གི་ཁམས་ཟས་གྱུར།།


བརྗིད་པའི་ལྕི་ཚད་ལྷུན་པོའི་རི་ལ་འགྲན།།

བཀན་པའི་རྔམ་ཚད་རྩ་གསུམ་ལྷ་ལ་བརྙབ།།

བརྟན་པའི་རྐང་རྩ་ཀླུ་རྒྱལ་བྲག་ལ་ཟུག།

ཉམས་ཅན་འཛུམ་གྱི་དར་དཔྱང་མི་ཡུལ་འཐེན།།


གྱད་ཆེན་འབྱུང་བ་བསྡེབས་པའི་གཡོ་འགུལ་ཁྲོད།།

ལེབ་ཅན་འདབ་མའི་ཡན་ལག་མ་གྲུག་ལ།།

ལྡེམ་མཉན་གྲ་ཡི་སྤུ་ཁ་མ་ཡལ་བའི།།

ཡ་མཚན་བྲག་གི་སྡོང་པོ་མིག་གི་སྐྱིད།


སྡོང་རྩ་ཆབ་ཀྱིས་བངས་ནས་མ་འགྱེལ་ལ།།

སྲིད་གསུམ་སྐོས་རྗེས་བཙན་གྱིས་མ་བཙུཌ་ཀྱང་།།

མ་གྲོས་སྲིད་པའི་རྟེན་འབྲེལ་མ་བརླགས་པས།།

འབྱུང་ལྔའི་ཁབ་རྩེ་དོད་ནས་ཁྱོད་ཉིད་ཆགས།།


སྲ་ཆེན་རྡོ་ལས་བརྡོལ་བའི་དཀར་པོ་བྲག།

ས་ཆེན་གྲིབ་གཟུཌ་བཞེངས་པའི་བྱེད་པོ་དང་།།

ཉམས་ཅན་གཟུགས་ལ་དཔྱོད་པའི་བྱ་ར་བ།།

སྣང་བ་སྐྱིད་སར་རྩེད་པའི་མཛེས་སྡུག་ཅིག།


རྡུལ་ཕྲན་འབྱོར་བའི་འཕྲུལ་གྱིས་མ་བཟོས་ལ།།

བཞུ་བརྡུང་བཟོ་པས་ཆེད་དུ་མ་བཅད་ཀྱང་།།

འབད་མེད་རང་བྱུང་གར་དུ་བཞེངས་པ་ཡི།།

རྩི་་ཤིང་བརྡོལ་བའི་བྲག་ཆེན་ཨེ་མ་ཧོ།།


༢༠༡༦/༣/༢༩/ཉིན་གྱི་ངལ་གསོའི་ལེའུ་གཉིས་པ།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.