སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
2829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38497


 
ང་གནས་ཡོད།
[ 2016/2/22 18:39:00 | By: vase ]
 

ང་གནས་ཡོད།


                                  ཁྱུང་བསོད་བློ།


ཨ་སྔོན་གོར་མོའི་གདོང་ལ་གཡུ་རྒྱན་སྤུད།།

ནོར་འཛིན་དོག་མོའི་བྲང་གི་ཏི་སེའི་པང་།།

ལྷོ་གླིང་རྐང་གཉིས་འཁྲས་སའི་སྒང་ཟུར་གྱི།།

ངོག་གསལ་སྣང་བའི་མཚམས་སུ་ང་གནས་ཡོད།།


དབུ་རྩེ་དགུང་དུ་བཀན་པའི་དབེན་ཆེན་དང་།།

བཀའ་ཡི་ཉིང་ཞག་ཆགས་པའི་ལྡུམ་ར་སྟེ།།

སུམ་གླང་བྲག་དམར་འབར་བའི་རི་སུལ་གྱི།།

གཤེན་སྡེའི་ཡོ་ལངས་གསེབ་ཏུ་ང་གནས་ཡོད།།


དྲང་སྲོང་མཉམ་མེད་དགྱེས་པའི་བཙུན་ལོ་ཡག།

མགོན་ཆེན་རྩ་བླ་དགོད་པའི་འཆད་ཉན་ཟབ།།

རིག་ཁྱུ་གར་དུ་རྩེད་སའི་འཆད་ར་ནང་།།

རབ་བྱུང་གསེར་ཕྲེང་གྲལ་དུ་ང་གནས་ཡོད།།


མག་མོག་ཐལ་རྡུལ་དག་པའི་འཕུར་ལམ་གཙང་།།

རྫོབ་དཔུང་སྣང་བ་ཟབ་པའི་ཉག་ག་དང་།།

སེམས་ཀྱི་འཁྲི་ཤིང་རྒྱས་པའི་ཡལ་འདབ་འོག།

འཇོལ་མོའི་གྲེ་འགྱུར་གསེབ་ཏུ་ང་གནས་ཡོད།།


དཀར་མེའི་འོད་ཞྭ་འཐུག་པའི་གློག་སྡོང་གསལ།།

བཅུ་རིག་གཞའ་གུར་ཕུབ་པའི་པོད་གསེབ་ཀྱི།།

སག་སིག་རྡོག་སྒྲ་མེད་པའི་རྡོ་སྐས་འགྲམ།།

པོ་ཏི་བློ་བཤར་གསེབ་ཏུ་ང་གནས་ཡོད།།


འོད་ཡུག་ཏི་སེ་དཀར་པོ་ལེན་ཀ་གསལ།།

ངོས་འཇམ་སྤང་གི་རྩི་ཏོག་འདོམས་ཁ་དྲོ།།

ཚར་ཆུང་གྲ་ལོ་རྒྱས་པའི་གྲང་ངོབ་གསེབ།།

ཆབ་རོམ་དར་དཔྱང་སྒང་དུ་ང་གནས་ཡོད།།


གྱེར་བསྟན་སེམས་སུ་བཅང་པའི་ཐུཌ་བསྐྱེད་འོག།

རྨིག་རྗེས་བདེན་མཐའ་གསལ་བའི་ལག་རྗེས་ཞོག།

རྐང་རྗེས་གྲུབ་མཐའ་ཟིན་པའི་སྒོ་མཛོད་འབེལ།།

བོན་གྱི་སྦྲང་ཆར་གསེབ་ཏུ་ང་གནས་ཡོད།།


༢༠༡༦/༢/༢/དྲོ་གཞུང་འཁོར་དུས/༡༢/ཐོག་ཏུ་སྤེལ་ལོ།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.